ཕྲེང་རྡོག་བརྒྱ་དང་བརྒྱད་པོ་འཁོར་བ་ཨེ་ཡིན།

དབེན་པའི་གད་པ་སྐྱ་མོའི་ཁུག་ན་གཉིད་པའི།།
འཁོར་བའི་ཤིང་རྟ་འདྲེན་པའི་དགེ་སྦྱོང་ཞིག་ལ།།
སྣང་སྲིད་ཉི་མ་སེར་པོའི་སྐུལ་བརྡ་ཐེབས་པས།།
སྟོང་བའི་མཚན་རིས་ལག་པའི་མཐིལ་དུ་བྲིས་ཡོད།།

ཀྱེ་ཧོ་སྤྱད་པའི་འཚོ་བ་ཆུ་ཡིས་དེད་སོང༌།།
ལས་ཀྱི་ཤེའུ་ཆུང་སྒྱུ་མའི་གར་ལ་བཞུགས་སོང༌།།
འགྲོ་བའི་ལམ་སྣེ་མི་རྙེད་སྨུག་པའི་དཀྱིལ་འཁོར།།
དྲང་སྲོང་ང་ལ་བཞག་པའི་མཆོད་པ་ཨེ་ཡིན།།

ས་བཅུའི་འཛིན་བྱང་བཙོང་བའི་གཙུག་ལག་ཁང་ནས།།
ལྕགས་ཀྱི་མཆུ་ཏོ་སྤྲད་པའི་བྱ་ཁྲ་ནག་པོས།།
རིགས་སྔགས་སྒྱུ་མའི་ཞལ་ཟས་ཁམ་གང་ཟོས་པ།།
རྟག་འཛིན་ཕུར་བ་བཅག་པའི་ལག་རྗེས་ཨེ་ཡིན།།

ཕ་ཡུལ་དམྱལ་བ་ཡིན་པའི་ཁྱི་གུ་ཞིག་གིས།།
བརྩེ་བའི་མིག་ཞགས་དྲོན་མོ་ང་ལ་གཏད་ཏེ།།
ཕྱི་མའི་བཅའ་ཁྲིམས་མཚོན་པའི་གླུ་ཞིག་བྲིས་པ།།
འཁོར་བའི་བུ་ལོན་བསགས་པའི་སྡིག་སྒྲིབ་ཨེ་ཡིན།།

ཀ་དག་ཆོས་ཉིད་ཟབ་མོའི་རྟེན་འབྲེལ་ཀློང་ལ།།
དམིགས་མེད་ལག་པ་སྟོང་བ་ཡང་ཡང་བསྲིངས་པས།།
ཏིང་འཛིན་བྱེ་མའི་ཕུང་བོ་སྤར་གང་རྙེད་པ།།
འདི་ནས་ཕྱི་མར་འགྲོ་བའི་ལམ་བྲོ་ཨེ་ཡིན།།

སྤྲིན་པའི་ལ་ཐོད་དཀྲིས་པའི་བླ་རིའི་སྒང་ལ།།
དམར་པོ་ཁྲག་གི་དར་ལྕོག་ཁྲུ་གང་བཙུགས་ཏེ།།
ཁ་བ་གངས་ཅན་ལྗོངས་ལ་གཡུགས་གཡུགས་བྱས་པ།།
འཇིག་རྟེན་འདི་རུ་ཡོང་བའི་བདེན་དཔང་ཨེ་ཡིན།།

སྟོབས་ལྡན་དམག་མིའི་ལག་གི་བོའུ་ལ་སྐྲག་ནས།།
ཉམ་ཆུང་རྐང་བ་ནད་པ་མདུན་དུ་སྤོས་ཏེ།།
ལྕགས་ཀྱི་ཐང་ལ་རྐང་རྗེས་ཡ་གཅིག་སྤར་བ།།
མི་འདོད་སེམས་ཀྱིས་ཁུར་བའི་ཁྲལ་ལས་ཨེ་ཡིན།།

འཁོར་བའི་བདག་མོ་ཤི་བའི་རོ་སྒམ་སྟེང་ལ།།
རྒྱུས་མེད་གྲྭ་ལྡོམ་ཞིག་གིས་མིང་རྟགས་བཀོད་དེ།།
མི་ཚོགས་འདུ་འཛི་ཆེ་བའི་ཁྲོམ་ལ་ཁུར་བ།།
རིགས་དྲུག་ཕ་མ་སྐྱོབ་པའི་བྱང་སེམས་ཨེ་ཡིན།།

ཧེབ་ཀྱི་ལྷུང་བཟེད་ཨུ་ཚུགས་ཕྱག་གིས་བཏེགས་ཏེ།།
ས་ཆེན་ཡངས་པའི་ཁྱོན་ལ་བང་གིས་བརྒྱུག་ཚེ།།
དཔྲལ་བའི་གཤོང་ལ་གཉེར་མའི་དགུ་མདུད་བབས་པ།།
དུས་ཀྱི་ཕོ་ཉས་གནང་བའི་དྲན་རྟེན་ཨེ་ཡིན།།

ཚིམས་མེད་བདེ་བ་ཆེན་པོའི་གཞལ་ཡས་དབུས་ནས།།
མི་སྡུག་མཚན་མ་འདོད་པའི་ལུས་ལ་སྦྱར་ཚེ།།
ལྷད་མེད་ཁུ་བའི་བདུད་རྩི་མཆོར་གང་ཟགས་པ།།
འཁོར་བའི་དགའ་མ་བཙལ་བའི་སྙིང་བོ་ཨེ་ཡིན།།

གཅེས་པའི་རྣམ་ཤེས་བོར་བའི་བེམ་པོ་ཞིག་གིས།།
བརྩེ་བའི་མངལ་དུ་རིགས་ཀྱི་ས་བོན་སྦྲུམ་ནས།།
འཇིགས་པའི་ངུ་སྐད་བར་དོའི་འཕྲང་ལ་བསྐྱལ་བ།།
བདག་མེད་ལྟ་བ་སྟོན་པའི་རོལ་མོ་ཨེ་ཡིན།།

ཤང་ཤང་ཆུ་མོས་མུ་ཏིག་མཆོར་ལྭ་གྱོན་དུས།།
རྒྱང་རིང་ལྷོ་རུ་འཕུར་བའི་ཁྲུང་ཁྲུང་ཞིག་ལ།།
སྨྲེང་བ་སེམས་ཀྱི་གཞས་ཆུང་ཡང་ཡང་བསྐུར་བ།།
སྲིད་པའི་གྲོང་ལ་བྲིས་པའི་སྙན་ངག་ཨེ་ཡིན།།
                          ༢༠༠༧/༧/༢

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྲེང་རྡོག་བརྒྱ་དང་བརྒྱད་པོ་འཁོར་བ་ཨེ་ཡིན།

2009-04-06 སེར་ལེགས་འཕྲིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།