རེབ་གོང་གི་མཚན་མོ།
མཚན་མོ་འདིར རེབ་གོང་གི་རི་བོ་དག
ངའི་པང་ན་འགུལ་གྱིན་ཡོད་ལ
རི་བོ་དེ་དག་གི་གཡས་དང་གཡོན་ན
བསྟར་འཕྲེང་ནར་མོར་བསྒྲིགས་པའི་ལམ་ཕྲན་དག
རིགས་མི་འདྲ་བའི་སྣང་ཚུལ་གྱིས་འགུལ་གྱིན་ཡོད
མཚན་མོ་འདིར་རོང་བོའི་དགོན་པའི་འདུ་ཁང་དག་གིས
དབུགས་རིང་ཞིག་གིས་རང་གི་གྲིབ་མ་འབྲི་ཞོར
གྲྭ་བཙུན་དག་ལ་མིག་ཟུར་སྟོན་ཞོར
གློ་རྡེག་ལ་རང་གི་བདག་པོར་འཕྲིན་ཡིག་འབུལ་བར་བྲེལ
སྒྲོལ་མའི་ཐང་ཆེན་ན སྒྲོལ་མའི་ཕྱག་རྒྱ་རིང་བོ
དད་ལྡན་ཚོའི་མགོ་བོར་རེག་གིན
རྣ་བར་ཤུབ་ཤུབ་གྱིས ཞེད་སྣང་འཁོལ་འཁོལ་གྱིས
མི་ཚོགས་ལ་གདོང་ག་བཞུ་དུས
སྒྲོལ་མ་ཧ་ཅང་འདར་བཞིན་ཞུམ
རྩོམ་ཁུངས། ངེད་དྲ་བ།