སེམས་ཀྱི་རེ་སྒུག

ཐོ་རེངས་སྐར་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-03-04

བྱ་ཁུ་ལོ།
ཀླུ་འགྲམ་གྱི་ཤེས་རིག་གི་སྐྱེད་ཚལ་ན།
མཚོ་ཉིན་ནས་འཛུམ་པའི་ཡིད་འོང་གི་པདྨ་རྐང་གཅིག
ཡིད་ཆེས་དང་མཛེས་སྡུག་གིས་འཁྲུངས་འདུག་པ་ནི།
ཁྱེད་རང་ལས་གཞན་སུ།
བྱ་ཁུ་ལོ
ཁེར་རྐྱང་གི་ཁོ་བོས།
ཁྱེད་ཀྱི་གཉོམ་དུང་དུང་གི་སེམས་ནང་དུ།
བརྗེད་དཀའ་བའི་རྨ་ཁ་ཅིག་བཟོས་པ་དྲན་ཨེ་བྱུང༌།
འདས་སོང་བའི་ལོ་ཟླ་ཕྱིར་མིག་གིས་སྐྱེལ་བཞིན།
སང་ཉིན་གྱི་རེ་བའི་འོད་ཟེར་ལ་འཛུམ་དམུལ་དམུལ་གྱི་བསུ་མ་དང༌།
དགའ་ལྷང་ལྷང་གིས་ལམ་རྒྱགས་ཐེངས་གཅིག་བསྒྲིགས་ན་ཡང༌།
ཅིས་ཀྱང་ཁྱེད་དང་འུ་གཉིས་ལ།
ལས་དབང་བཙན་པོའི་བཀོད་སྒྲིག་ཅིག་གིས།
གྱེས་བྲལ་གྱི་ལོ་ཟླ་མོད་ལ།
ལྷན་འཛོམས་ཀྱི་ཞག་མ་ཕྲ།
གང་ལྟར།
སེམས་ཁོང་གི་དམ་བཅར་རྒས་པ་མེད་ན།
ནམ་ཡང༌།
ལས་སྐལ་ལ་ཟླ་ཟེར་གྱིས་མཛུབ་སྟོན་གནང་བཞིན་བཞུད་ཆོག
བྱ་ཁུ་ལོ
ཡུན་རིང་སེམས་སུ་ཉར་བའི་དྲན་གདུང་དོར་ཏེ།
འདུ་འཛོམས་ཀྱི་དགོད་སྒྲར་རོལ་ཞིང༌།
ལྷད་མེད་ཀྱི་སྙིང་གཏམ་གླེང་ཡ།
ཁྱེད་ཀྱི་མཛེས་སྡུག་ནི་གངས་ལྷ་མེ་ཏོག་ལས་ལྷག་ལ།
ཁྱེད་ཀྱི་སྐད་ངག་ནི་འདོད་པའི་ཕོ་ཉ་ལས་སྙན་པས།
ཁེར་རྐྱང་གི་བུ་ཆུང་ངས།
རྒྱང་རིང་རྒྱང་རིང་གི་གནམ་མཐའ་ནས།
ཁྱེད་ལ་ཡིད་སྨོན་གྱི་རེ་ལྟོས་བགྱིད་ངེས།
བྱ་ཁུ་ལོ
ཁོ་བོའི་རྨི་ལམ་གྱི་ཞིང་བཀོད་ན།
རྟག་པར་རེ་སྨོན་གྱི་བརྩེ་བས་འཁྱུད་པ་ནི།
ཡིད་ཆེས་དང་རེ་སྒུག་གི་འབྲས་བུའམ།
དུངས་ཞེན་དང་བྱམས་སེམས་ཀྱིས་འགྲུབ་པའི།
རྒྱུན་རིང་གི་ལེ་ཚན་ཞིག་ཡིན་ངེས།
བྱ་ཁུ་ལོ
རེ་ལྟོས་ཀྱི་འཕྲིན་ལན་འབྱོར་རྒྱུ་མེད་པས།
སེམས་ཀྱི་རེ་སྒུག ཇེ་ཆེ་ནས་ཇེ་ཆེ།
བརྩེ་འདང་གི་འབྲས་བུ་སྨིན་དུས་དབེན་པས།
སེམས་ཀྱི་རེ་སྒུག ཇེ་ལྕི་ནས་ཇེ་ལྕི།
ལྷུག་བརྗོད་ཀྱི་སྙིང་གཏམ་བཤད་ཐབས་བྲལ་བས།
སེམས་ཀྱི་རེ་སྒུག ཇེ་རིང་ནས་ཇེ་རིང༌།། 
                                   ༢༠༠༨ལོའི་ཟླ༧པའི་ཚེས༨ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་རེ་སྒུག

2009-03-04 ཐོ་རེངས་སྐར་ཆེན། ཀློག་གྲངས། མཆན ཡོད།

བྱ་ཁུ་ལོ།
ཀླུ་འགྲམ་གྱི་ཤེས་རིག་གི་སྐྱེད་ཚལ་ན།
མཚོ་ཉིན་ནས་འཛུམ་པའི་ཡིད་འོང་གི་པདྨ་རྐང་གཅིག
ཡིད་ཆེས་དང་མཛེས་སྡུག་གིས་འཁྲུངས་འདུག་པ་ནི།
ཁྱེད་རང་ལས་གཞན་སུ།
བྱ་ཁུ་ལོ
ཁེར་རྐྱང་གི་ཁོ་བོས།
ཁྱེད་ཀྱི་གཉོམ་དུང་དུང་གི་སེམས་ནང་དུ།
བརྗེད་དཀའ་བའི་རྨ་ཁ་ཅིག་བཟོས་པ་དྲན་ཨེ་བྱུང༌།
འདས་སོང་བའི་ལོ་ཟླ་ཕྱིར་མིག་གིས་སྐྱེལ་བཞིན།
སང་ཉིན་གྱི་རེ་བའི་འོད་ཟེར་ལ་འཛུམ་དམུལ་དམུལ་གྱི་བསུ་མ་དང༌།
དགའ་ལྷང་ལྷང་གིས་ལམ་རྒྱགས་ཐེངས་གཅིག་བསྒྲིགས་ན་ཡང༌།
ཅིས་ཀྱང་ཁྱེད་དང་འུ་གཉིས་ལ།
ལས་དབང་བཙན་པོའི་བཀོད་སྒྲིག་ཅིག་གིས།
གྱེས་བྲལ་གྱི་ལོ་ཟླ་མོད་ལ།
ལྷན་འཛོམས་ཀྱི་ཞག་མ་ཕྲ།
གང་ལྟར།
སེམས་ཁོང་གི་དམ་བཅར་རྒས་པ་མེད་ན།
ནམ་ཡང༌།
ལས་སྐལ་ལ་ཟླ་ཟེར་གྱིས་མཛུབ་སྟོན་གནང་བཞིན་བཞུད་ཆོག
བྱ་ཁུ་ལོ
ཡུན་རིང་སེམས་སུ་ཉར་བའི་དྲན་གདུང་དོར་ཏེ།
འདུ་འཛོམས་ཀྱི་དགོད་སྒྲར་རོལ་ཞིང༌།
ལྷད་མེད་ཀྱི་སྙིང་གཏམ་གླེང་ཡ།
ཁྱེད་ཀྱི་མཛེས་སྡུག་ནི་གངས་ལྷ་མེ་ཏོག་ལས་ལྷག་ལ།
ཁྱེད་ཀྱི་སྐད་ངག་ནི་འདོད་པའི་ཕོ་ཉ་ལས་སྙན་པས།
ཁེར་རྐྱང་གི་བུ་ཆུང་ངས།
རྒྱང་རིང་རྒྱང་རིང་གི་གནམ་མཐའ་ནས།
ཁྱེད་ལ་ཡིད་སྨོན་གྱི་རེ་ལྟོས་བགྱིད་ངེས།
བྱ་ཁུ་ལོ
ཁོ་བོའི་རྨི་ལམ་གྱི་ཞིང་བཀོད་ན།
རྟག་པར་རེ་སྨོན་གྱི་བརྩེ་བས་འཁྱུད་པ་ནི།
ཡིད་ཆེས་དང་རེ་སྒུག་གི་འབྲས་བུའམ།
དུངས་ཞེན་དང་བྱམས་སེམས་ཀྱིས་འགྲུབ་པའི།
རྒྱུན་རིང་གི་ལེ་ཚན་ཞིག་ཡིན་ངེས།
བྱ་ཁུ་ལོ
རེ་ལྟོས་ཀྱི་འཕྲིན་ལན་འབྱོར་རྒྱུ་མེད་པས།
སེམས་ཀྱི་རེ་སྒུག ཇེ་ཆེ་ནས་ཇེ་ཆེ།
བརྩེ་འདང་གི་འབྲས་བུ་སྨིན་དུས་དབེན་པས།
སེམས་ཀྱི་རེ་སྒུག ཇེ་ལྕི་ནས་ཇེ་ལྕི།
ལྷུག་བརྗོད་ཀྱི་སྙིང་གཏམ་བཤད་ཐབས་བྲལ་བས།
སེམས་ཀྱི་རེ་སྒུག ཇེ་རིང་ནས་ཇེ་རིང༌།། 
                                   ༢༠༠༨ལོའི་ཟླ༧པའི་ཚེས༨ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།