ཁྱོད་ལ་གནང་བའི་ལེ་ཚན།

               ___དྲིན་ཆེན་མར་ཕུལ་བ།    

        དང་པོ། འོས་འགན་ལྕི་མོ་ཕྲག་ཏུ་བླངས་པ།
སྤྱིར་ཁོ་རང་ཁྱིམ་གཞི་ཆུང་ཆུང་འདིའི་བཀོད་འདོམས་པ་གཅིག་པུ་ཡིན་ནའང༌།
ཁོ་ཆང་གིས་བཟི་ཞིང་རང་ཁྱིམ་མ་བསྲུངས་པའི་ནག་ཉེས་དེས།
རང་ཉིད་ལ་ལས་བགོ་བྱས་པའི་རྐུབ་སྟེགས་ལས་མར་བབས་ཏེ།
རྒྱང་རིང་མི་མཐོང་པའི་བྱིས་པ་ཚོའི་གྲལ་དུ་སྡོད་དགོས་ཤིང༌།
ལས་ལ་བརྩོན་ཞིང་སྙིང་རུས་ཆེ་བའི་བདག་གི་ཡུམ་ཆེན་འདི།
ཅི་ནས་ཀྱང་ཁྱིམ་གཞི་འདིའི་མཐོ་རིམ་གཙོ་འཛིན་བྱེད་དགོས་བྱུང་པ་རེད།
ཁོ་མོས་རེ་ལྟོས་བྱེད་ས་རང་ཉིད་ཀྱི་ཁྱོ་ཀ་དང་བུ་ཕྲུག་དག་ཡིན་ནའང༌།
ཁྱོ་ཀ་ཆང་ལ་འཐིམས་ཞིང༌།
གཅེས་ཕྲུག་དག་རེ་རེ་བཞིན་ཡ་ཆུང་ན་སྙིང་མེད་ཅིང༌།
མིག་མཐའ་ན་མཆི་མ་མེད་པའི་ལན་ཆགས་ཁོ་ནར་གྱུར་དུས།
ཁོ་མོའི་རེ་ཐག་རྩ་བ་ནས་ཆད་དེ།
ཁྱིམ་གཞི་འདིའི་ཕྱི་ནང་མཐའ་དག་གི་བདེ་སྡུག་ཕྲག་ཏུ་མི་ལེན་ཐབས་མེད་བྱུང་པ་རེད།
    གཉིས་པ། ཞིང་ནང་གི་དྲིན་ཆེན་མ།
བདག་གིས་རི་རྩེ་ནས་སླར་ཡང་མཐོང་འོངས་སྟེ།
རྒྱ་ཁྱོན་ཆེ་བའི་ཞིང་གྲུ་བཞི་མའི་མཚམས་དང་མཚམས་སུ།
ཁོ་མོས་སྔོན་བཞིན་སྐེད་པ་སྒུར་ནས་བདག་དང་མིང་སྲིང་ཚོར་བསྟིམས་ངེས་པའི་ལོ་ཏོག་འབྲེག་གིན་འདུག
ཅི་ལའང་བྲེལ་མི་དགོས་པའི་སོས་དལ་གྱི་ལོ་ཏོག་དང༌།
ཁོ་མོས་གདོང་གི་རྔུལ་ཆུ་ཉི་མའི་ཚ་ཟེར་ལས་ཐོབ་པ་འདྲ་བོ་ཡིན་ན་ཡང༌།
ཁོ་མོའི་གདོང་གི་རྔུལ་ཆུ་ནི་ངས་ནམ་ཡང་དྲན་དགོས་པའི་ཆུ་ཐིགས་རྡོག་གཅིག་ཡིན།
ཉིན་གུང་བརྒལ་བའི་དུས་སུ།
ཁོ་མོས་བྲེལ་འཚུབ་དང་འདང་རྒྱག་གི་ངང་ནས་ཇ་འཁྱག་ཧུབ་གང་མཐོང་རྗེས།
སླར་ཡང་རྒྱ་ཁྱོན་ཆེ་བའི་ལོ་ཏོག་གི་བར་སྲང་ལ་འཛུལ་འགྲོ།
སྙེ་མ་མང་པོས་ཁོ་མོ་ལ་ཅེར་ནས་ཡིད་ཐང་ཆད་གིན་འདུག་ནའང༌།
ཁོ་མོས་ལོ་ཏོག་འབྲེག་གིན་འབྲེག་གིན་རང་ཉིད་ཡིད་ཐང་ཆད་པའང་མ་ཤེས།
དེ་ནི་ཁོ་མོའི་སྙིང་ན་དོར་མི་ཐུབ་པའི་བརྩེ་འདང་བླ་ལྷག་ཅིག་ཡོད་པས་ག་ལ་མིན།
     གསུམ་པ། ཁོ་མོའི་གསོལ་འདེབས།
བདག་ཡུལ་ནས་ཆས་དུས་དང་ཡུལ་ལ་ལོག་དུས་གང་ཡིན་ཀྱང༌།
ན་རྒས་ལུས་ཀྱི་མགོ་འཇུག་ཡོངས་སུ་ཟིན་པའི་དྲིན་ཆེན་མ།
བཙན་དང་ཤུགས་ཀྱིས་སྔ་མོ་ནས་ཡར་བཞེངས་ཏེ།
བསང་ཁུང་དུ་མེ་འཇོག་ཅིང་དུ་བ་སྔོ་ལྷོག་ལྷོག་གིས་ཕྱུར་དུས།
དབྱངས་རྟ་དང་བརྗོད་བྱའི་ཡིད་སེམས་བསྒུལ་བའི་སྐྱབས་འཇུག་ཅིག་ཞུས་ཏེ།
འཇུག་མཐར་བསམ་པ་མཚོན་པའི་འོ་མ་ཐོམ་བུ་གང་དགུང་སྔོན་གྱི་དབྱིངས་ལ་མཆོད།
སྐྱ་ཐིང་ཐིང་གི་ཡུལ་གྲུ་འདི་ལས་ཅུང་རྒྱང་རིང་ལ་གྱེས་འགོ་ཚུགས་ཏེ།
ཧ་ལམ་ལོ་ངོ་བརྒྱད་ལྷག་འགོར་ཟིན་ནའང༌།
བདག་གིས་ཨ་མས་བཞེངས་པའི་བསང་ཁྲིའི་གོ་དོན་དང་རིན་ཐང་ལ་ཞིབ་འདང་ཙམ་ཡང་བརྒྱབ་མ་མྱོང༌།
དེ་ལྟ་ནའང༌།
བདག་ས་ཚིགས་རེ་ལ་བདེ་འཇགས་གིས་ཐོན་ཞིང༌།
ཁ་བ་འབབ་ཚད་དྲགས་པས།
ཡ་ང་བའི་སྐད་ཆ་མང་དུ་ཐོས་ནའང༌།
བདག་གི་འགྲུལ་སྐྱེལ་ལ་ཆག་སྐྱོན་དང་གནོད་པ་ཕྲན་ཙམ་ཡང་མེད་པར་ཕ་ཡུལ་དུ་འབྱོར་ཚེ།
ད་བཟོད་སེམས་པ་འདི་སླར་ཡང་ཁོ་མོ་ལ་ཕྱོགས་འགྲོ་ཏེ།
ཁོ་མོས་བསྒྲུབ་ཀྱིན་པ་མཐའ་དག་གཅེས་ཕྲུག་དག་གི་ཆེད་དུ་ཡིན་པ་དེ་ཡི་ཕྱོགས་ལ་ཤོར་འགྲོ།
     བཞི་པ། རེ་བ་ཐུང་ཐུང༌།
བྱེ་མའི་ཐང་ནས་ལྗང་བཞད་ཀྱི་མེ་ཏོག་རྐང་གཅིག་མཐོང་ན།
དེ་ནི་ཁྱེད་ལ་འབུལ་རྒྱུ་ཡིན།
འཚོ་བའི་ཁྲོད་ནས་འོས་མཚམས་ཀྱི་མིག་ཆུ་རེ་འབྱུང་ན།
དེ་ནི་ཁྱེད་ལ་འབུལ་རྒྱུ་ཡིན།
སེམས་པའི་གཏིང་ནས་ནོངས་འགྱོད་ཀྱི་སྙན་ངག་ལེགས་པོ་རེ་ཕྲིས་ན།
དེ་ནི་ཁྱེད་ལ་འབུལ་རྒྱུ་ཡིན།
ཡུམ་ཆེན་ལགས། ཁྱེད་རང་དགའ་བདེ་ཀྱི་ངང་ནས་དལ་མོར་སྡོད་དང༌།
ངས་ཁྱེད་ཉིད་དགའ་བའི་དར་གོས་ཤིག་ཐུང་ཐུང་ལ་འཐེན་འོངས་ངེས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ལ་གནང་བའི་ལེ་ཚན།

2009-03-04 སེང་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།