སྙན་ངག
སྙན་ངག་པ་མང་དག་ཅིག
དགོད་སྒྲ་དང་བཅས་སྨྱུག་རྩེ་ན་འགུལ་ཞིང༌།
འཛུམ་མདངས་དང་བཅས་འབྲི་མཚམས་འཇོག་ཀྱང༌།
ང་ནི། གདུང་བ་དང་བཅས་སྨྱུག་རྩེ་ན་འགུལ་ཞིང༌།
མིག་ཆུ་དང་བཅས་འབྲི་མཚམས་འཇོག་པར་འདོད།
དོན་ངོ་མར་འཇིག་རྟེན་དུ་ཡོད་པའི་དགོད་སྒྲ་ཐམས་ཅད།
སྙན་ངག་མཁས་ཅན་རེ་ཟུང་གིས་བདག་གིར་བྱས་དུས།
ཉམ་ཆུང་གི་སྙན་ངག་པ་རྣམས་ལ།
ངུ་སྒྲ་མ་གཏོགས། ད་དུང་ཅི་ཞིག་ཡོད།
རྩོམ་ཁུངས། ངེད་དྲ་བ།