བདེན་ལུགས་ཀྱི་རླུང་འཚུབ་རང་འཁོར།

གཞུང་ལུགས་ལ་ཁྲག་དྲི་གཏོར་བའི་ཕྱི་རོལ་ཏུ
མི་བུ་ཁག་ཅིག་གི་ཤེས་རབ་ནད་ཀྱིས་བཟུང
ནད་པ་མང་བའི་ཨ་གསར་གྱི་ནད་ཤག་འདིར
དུས་རབས་ཀྱི་རླུང་བུ་ལྡང་མཚམས་སུ
བསམ་བློ་ཟེར་བའི་མཁན་པོ་ཞིག
མི་རིགས་གཉོམ་ཆུང་ཞིག་གི་རིག་གནས་ལ་འཐབ་སྟེ
ཆེས་གསར་རྐྱང་གི་གདམས་ངག་རེ་སྒྲིག་བཞིན
ཆོ་འཕྲུལ་གྱི་རིམ་གྲོ་དང་སྒྱུ་འཕྲུལ་གྱི་སྨན་སྣ་སྡེབ་ནས
མི་ཚོགས་ཀྱི་ཡིད་སེམས་རང་སར་བཀུག
སྔོག་འདོད་པའི་མི་རིགས་ཀྱི་བླ་སྲོག་དང
བདག་འདོད་པའི་ཧམ་སེམས་ཀྱི་སྒེར་ལུགས
ཡོད་ཚད་ནུ་ཞོ་འཇིབ་ཀྱིན་པའི་ཁྱི་གུ་གང་ཞིག་གིས
མ་མའི་བྲང་ཁོག་གི་དོན་སྙིང་འདྲུ་འདོད་པ་ནང་བཞིན
ཆེས་སྙི་བའི་གཞན་ལུགས་གང་དེས
སྲོག་རྩ་གཅོད་པར་རེམ
ཧམ་སེམས་དེས
མི་རིགས་ཤིག་གི་གོམས་སྲོལ་བཅོམ
རིག་གནས་ཤིག་གི་རིན་ཐང་འཕྲོག
ད་དུང་ཧམ་སེམས་དེས
མི་གཤིས་ཤིག་གི་ངང་རྒྱུད་བརླགས
སྙིང་རྗེ་ཞིག་གི་བྱམས་བརྩེ་བོར
ཤེས་རབ་ཅིག་གི་དམིགས་ཡུལ་དོར
ཧམ་སེམས་དེས་བྲན་ལ་འཁོལ་བའི་གཡོག་པོ་ཁག་ཅིག
སེམས་དཔའ་ཆེན་པོའི་སྒམ་ཚུགས་རེ་སྟོན་བཞིན
ངོ་ལོག་གི་དམ་བཅའ་ཚོང་ཟོག་བཞིན་བྲིན་ཞིང
བརྟན་བརླིང་གི་མི་གཤིས་ཐོར་ཞིག་ཏུ་རྨུར
མེ་ལྕེ་ཡི་འོད་ངོགས་ན་བྲིན་པའི་ཕྱེ་ལེབ་ཁྱུ་དེས
མཚན་སྙན་གྱི་རླུང་རྟ་འབའ་ཞིག་ལ་དམིགས་ནས
ཁ་ཆེ་ཡི་གཤིན་གྲི་གདུག་རྩུབ་ཀྱིས་འཕྱར་ཏེ
བདག་ལ་དབང་འདོད་ཀྱི་སྒེར་སེམས་རྩུབ་མོས
སྔོགས་པ་འདོད་པའི་མི་རིགས་ཀྱི་བླ་རྐང་རྡོག་པས་བརྫིས
ཨ་གསར་ཞིག་གིས་པྲ་ཕབ་གྱིན
ལྐོག་གཡོ་ཞིག་གི་བསླུ་བྲིད་སྒོམ་བཞིན
གྲགས་སྙན་ལ་ཞེན་པའི་གཤེད་མ་ཚོ
གཞིས་ཁྱིམ་འདིར་ཁེངས་ཉམས་ཀྱིས་འགྱིངས་པས
དྲང་བདེན་སྙེགས་མཁན་གྱི་མི་བུ་ཚོས
བླང་དོར་གྱི་བརྡར་ཤ་གཙུབ་ཀྱིན
མེ་འོབས་ཀྱི་གཏིང་ནས་ལངས་ཏེ
སྙན་ངག་གི་གླུ་སྐད་སྒྲོགས་ཤིག་ཨང
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེན་ལུགས་ཀྱི་རླུང་འཚུབ་རང་འཁོར།

2009-02-18 བྱང་སྒྲ་སྙན། ཀློག་གྲངས། མཆན ཡོད།

གཞུང་ལུགས་ལ་ཁྲག་དྲི་གཏོར་བའི་ཕྱི་རོལ་ཏུ
མི་བུ་ཁག་ཅིག་གི་ཤེས་རབ་ནད་ཀྱིས་བཟུང
ནད་པ་མང་བའི་ཨ་གསར་གྱི་ནད་ཤག་འདིར
དུས་རབས་ཀྱི་རླུང་བུ་ལྡང་མཚམས་སུ
བསམ་བློ་ཟེར་བའི་མཁན་པོ་ཞིག
མི་རིགས་གཉོམ་ཆུང་ཞིག་གི་རིག་གནས་ལ་འཐབ་སྟེ
ཆེས་གསར་རྐྱང་གི་གདམས་ངག་རེ་སྒྲིག་བཞིན
ཆོ་འཕྲུལ་གྱི་རིམ་གྲོ་དང་སྒྱུ་འཕྲུལ་གྱི་སྨན་སྣ་སྡེབ་ནས
མི་ཚོགས་ཀྱི་ཡིད་སེམས་རང་སར་བཀུག
སྔོག་འདོད་པའི་མི་རིགས་ཀྱི་བླ་སྲོག་དང
བདག་འདོད་པའི་ཧམ་སེམས་ཀྱི་སྒེར་ལུགས
ཡོད་ཚད་ནུ་ཞོ་འཇིབ་ཀྱིན་པའི་ཁྱི་གུ་གང་ཞིག་གིས
མ་མའི་བྲང་ཁོག་གི་དོན་སྙིང་འདྲུ་འདོད་པ་ནང་བཞིན
ཆེས་སྙི་བའི་གཞན་ལུགས་གང་དེས
སྲོག་རྩ་གཅོད་པར་རེམ
ཧམ་སེམས་དེས
མི་རིགས་ཤིག་གི་གོམས་སྲོལ་བཅོམ
རིག་གནས་ཤིག་གི་རིན་ཐང་འཕྲོག
ད་དུང་ཧམ་སེམས་དེས
མི་གཤིས་ཤིག་གི་ངང་རྒྱུད་བརླགས
སྙིང་རྗེ་ཞིག་གི་བྱམས་བརྩེ་བོར
ཤེས་རབ་ཅིག་གི་དམིགས་ཡུལ་དོར
ཧམ་སེམས་དེས་བྲན་ལ་འཁོལ་བའི་གཡོག་པོ་ཁག་ཅིག
སེམས་དཔའ་ཆེན་པོའི་སྒམ་ཚུགས་རེ་སྟོན་བཞིན
ངོ་ལོག་གི་དམ་བཅའ་ཚོང་ཟོག་བཞིན་བྲིན་ཞིང
བརྟན་བརླིང་གི་མི་གཤིས་ཐོར་ཞིག་ཏུ་རྨུར
མེ་ལྕེ་ཡི་འོད་ངོགས་ན་བྲིན་པའི་ཕྱེ་ལེབ་ཁྱུ་དེས
མཚན་སྙན་གྱི་རླུང་རྟ་འབའ་ཞིག་ལ་དམིགས་ནས
ཁ་ཆེ་ཡི་གཤིན་གྲི་གདུག་རྩུབ་ཀྱིས་འཕྱར་ཏེ
བདག་ལ་དབང་འདོད་ཀྱི་སྒེར་སེམས་རྩུབ་མོས
སྔོགས་པ་འདོད་པའི་མི་རིགས་ཀྱི་བླ་རྐང་རྡོག་པས་བརྫིས
ཨ་གསར་ཞིག་གིས་པྲ་ཕབ་གྱིན
ལྐོག་གཡོ་ཞིག་གི་བསླུ་བྲིད་སྒོམ་བཞིན
གྲགས་སྙན་ལ་ཞེན་པའི་གཤེད་མ་ཚོ
གཞིས་ཁྱིམ་འདིར་ཁེངས་ཉམས་ཀྱིས་འགྱིངས་པས
དྲང་བདེན་སྙེགས་མཁན་གྱི་མི་བུ་ཚོས
བླང་དོར་གྱི་བརྡར་ཤ་གཙུབ་ཀྱིན
མེ་འོབས་ཀྱི་གཏིང་ནས་ལངས་ཏེ
སྙན་ངག་གི་གླུ་སྐད་སྒྲོགས་ཤིག་ཨང
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།