འཁྱག་ཤུར་ཤུར། འདར་སིག་སིག
ཁ་བ་འབབ་མཚམས་མི་འཇོག་པའི་རི་བོ
རླུང་བུ་གཡུག་རྒྱུ་མང་བའི་དུར་ཁྲོད
འཁྱག་ཤུར་ཤུར འདར་སིག་སིག
ཐབ་ཀ་མེད་པའི་ཁྱིམ་གཞིས
རྒྱུ་ནོར་སྟོང་བའི་བང་མཛོད
ད་དུང་སྦྲ་འདབས་ཀྱི་ཁྱི
རི་ཁར་བཙུགས་པའི་དར་ལྕོག་བཞིན
འཁྱག་ཤུར་ཤུར འདར་སིག་སིག
འཁྱག་ཤུར་ཤུར་གྱི་ལོ་ཟླ་ལོ་ཟླ་རུ་བརྩིས་བས
འདར་སིག་སིག་གི་ཕྱི་ཚུལ་ཕྱི་ཚུལ་དུ་བསམ་པས
ད་ལྟ་ཁྱོད་ལ་ཅི་ཞིག་ཡོད?
འཁྱག་ཤུར་ཤུར འདར་སིག་སིག
རྩོམ་ཁུངས། ངེད་དྲ་བ།