ཚེ་རིང་སྒྲོལ་མ།

ང་ཁྱོད་ཕྱོགས་སུ་ཡོང་གིན་ཡོད།
སྐྱེ་འཐོར་མང་བའི་མེ་ཏོག་གི་ཚེ་སྲོག་བཞིན།
ངའི་དྭངས་གཙང་གི་དུངས་སེམས་ལ་རྐྱེན་ངན་གྱིས་མ་བཟོས་ན།
དགའ་སྐྱོ་ཆགས་སྡང་གི་ཉིན་སྲིབ་བར་ནས་ངས་ཁྱོད་རང་དྲན་དགོས་བྱུང༌།
ཉེ་སྔོན་འུ་གཉིས་ཁ་པར་དང་གློག་ཀླད་ཀྱི་གསང་མྱུལ་བར་ནས་ཕན་ཚུན་ལ་རྒྱུས་ལོན་བྱས་ཟིན།
ཚེ་རིང་སྒྲོལ་མ།
ཁྱོད་ཀྱི་ཆེད་དུ་ངས་ཡོད་ཚད་བློས་གཏོང་དགོས་ཀྱང་འགྱོད་པ་སྐྱེ་མི་སྲིད།
མིག་སྔར་ང་ལ་ཅི་ཡང་མེད་པར་ཁེར་རྐྱང་དུ་ལུས་འདུག
ནམ་རྒྱུན་རེ་ཞུ་དང་སྐྱབས་བཅོལ་གྱི་ཀློང་ནས་བརྩེ་དུང་གི་སྡུག་བསྔལ་འབའ་ཞིག་མྱོང་བཞིན་ཡོད་དུས།
ངས་གློ་སྙིང་བྲང་གསུམ་གཏོད་སའི་མི་དེ་ཚོས་ང་ལ་མགོ་སྐོར་གཏོང་བཞིན་ཡོད་པ་འདྲ།
གང་ལྟར་ཀྱང་མི་ཚེ་འདིར་ངས་བརྩེ་དུང་གི་ཆེད་དུ་ཡོད་ཚད་བློས་བཏང་མྱོང༌།
ད་ལྟ་ངས།
ཁྱོད་རང་ཐོབ་པ་ནས་མེ་ཏོག་དང་སྦྲང་ཆར་ཟམ་ཟིམ་འབབ་པའི་དབྱར་ལྗོངས་ཀྱི་ཞིམ་མངར་མནམས་ནས།
ཁྱོད་ཕྱོགས་སུ་ཡོང་གིན་ཡོད།
ཚེ་རིང་སྒྲོལ་མ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་རིང་སྒྲོལ་མ།

2009-02-18 དཔྱིད་མྱུག ཀློག་གྲངས། མཆན ཡོད།

ང་ཁྱོད་ཕྱོགས་སུ་ཡོང་གིན་ཡོད།
སྐྱེ་འཐོར་མང་བའི་མེ་ཏོག་གི་ཚེ་སྲོག་བཞིན།
ངའི་དྭངས་གཙང་གི་དུངས་སེམས་ལ་རྐྱེན་ངན་གྱིས་མ་བཟོས་ན།
དགའ་སྐྱོ་ཆགས་སྡང་གི་ཉིན་སྲིབ་བར་ནས་ངས་ཁྱོད་རང་དྲན་དགོས་བྱུང༌།
ཉེ་སྔོན་འུ་གཉིས་ཁ་པར་དང་གློག་ཀླད་ཀྱི་གསང་མྱུལ་བར་ནས་ཕན་ཚུན་ལ་རྒྱུས་ལོན་བྱས་ཟིན།
ཚེ་རིང་སྒྲོལ་མ།
ཁྱོད་ཀྱི་ཆེད་དུ་ངས་ཡོད་ཚད་བློས་གཏོང་དགོས་ཀྱང་འགྱོད་པ་སྐྱེ་མི་སྲིད།
མིག་སྔར་ང་ལ་ཅི་ཡང་མེད་པར་ཁེར་རྐྱང་དུ་ལུས་འདུག
ནམ་རྒྱུན་རེ་ཞུ་དང་སྐྱབས་བཅོལ་གྱི་ཀློང་ནས་བརྩེ་དུང་གི་སྡུག་བསྔལ་འབའ་ཞིག་མྱོང་བཞིན་ཡོད་དུས།
ངས་གློ་སྙིང་བྲང་གསུམ་གཏོད་སའི་མི་དེ་ཚོས་ང་ལ་མགོ་སྐོར་གཏོང་བཞིན་ཡོད་པ་འདྲ།
གང་ལྟར་ཀྱང་མི་ཚེ་འདིར་ངས་བརྩེ་དུང་གི་ཆེད་དུ་ཡོད་ཚད་བློས་བཏང་མྱོང༌།
ད་ལྟ་ངས།
ཁྱོད་རང་ཐོབ་པ་ནས་མེ་ཏོག་དང་སྦྲང་ཆར་ཟམ་ཟིམ་འབབ་པའི་དབྱར་ལྗོངས་ཀྱི་ཞིམ་མངར་མནམས་ནས།
ཁྱོད་ཕྱོགས་སུ་ཡོང་གིན་ཡོད།
ཚེ་རིང་སྒྲོལ་མ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།