ངས་སྐྱག་ལབ་འདི་ལྟར་བརྒྱབ་ན་ཅི་འདྲ་རེད།

                                           ༡
སློབ་མ་ཚོ་ཤིག་འཛིང་སློག་པ་ཞིག་ཨེ་ཡིན་དགེ་རྒན་ཚོས་དབྱུག་པས་འབྲབ་ཀྱིན་འབྲབ་ཀྱིན་འདུག།
ལས་བྱ་དག་འགད་རྫས་ཕུང་བོ་ཞིག་ཨེ་ཡིན་དགེ་རྒན་ཚོས་ཁྲམ་རྟགས་རྒྱག་གིན་རྒྱག་གིན་འདུག།
སྡིགས་དམོད་ནི་གཟུངས་སྔགས་དྲག་པོ་ཞིག་ཨེ་ཡིན་དགེ་རྒན་ཚོས་ཉིན་རེར་འདོན་གྱིན་འདོན་གྱིན་འདུག།
སློབ་གྲྭ་འདི་དབུལ་བོས་འཛིང་ས་ཞིག་ཨེ་ཡིན་སུས་ཀྱང་ཚོད་མེད་དུ་མནར་གྱིན་མནར་གྱིན་འོངས།།
                                            ༢
དཔོན་པོ་ཚོ་སྒྲ་དབྱངས་སྙན་མོ་ཞིག་ཨེ་ཡིན་མི་ངན་སྡར་མ་ཚོས་ཉན་གྱིན་ཉན་གྱིན་འདུག།
གཡོ་སྒྱུ་གན་མཛེས་མའི་བཤང་སྒོ་ཞིག་ཨེ་ཡིན་ཀླད་ཞོ་ངན་པ་ཚོས་སྤྱོད་ཀྱིན་སྤྱོད་ཀྱིན་འདུག།
ལྟག་སྒོ་ཡང་འདུག་ས་སྐྱིད་པོ་ཞིག་ཨེ་ཡིན་རྫུ་མེད་སྨྱོན་པ་ཚོ་འཚང་གིན་འཚང་གིན་འདུག།
སྲིད་གཞུང་འདི་སྒྱུ་མའི་གར་ཆུང་ཞིག་ཨེ་ཡིན་སུ་ཡང་ལྟས་ངན་དེར་འཕྲུལ་གྱིན་འཕྲུལ་གྱིན་འདུག།
                                              ༣
སྙན་ངག་ནི་ལས་ཀ་ཡང་མོ་ཞིག་ཡིན་ནམ་བྱིས་པ་སྣབས་དྲུད་ཚོས་ཀྱང་འབྲི་བཞིན་འབྲི་བཞིན་འདུག།
བསམ་བློ་ཡང་རིན་གོང་དམའ་མོ་ཡིན་ནམ་བཟི་བོ་གཅིན་རྐྱལ་ཚོས་ཀྱང་ལབ་ཀྱིན་ལབ་ཀྱིན་འདུག།
ཚིག་རྒྱན་ཡང་ཡག་རབས་རྒྱན་རབས་ཤིག་ཡིན་ནམ་སྤྲེའུ་ལད་ངོ་དགའ་ཚོས་ཀྱང་གཡུག་གིན་གཡུག་གིན་འདུག།
རྩོམ་རིག་འདི་འཕྱོན་མ་འཆལ་མོ་ཞིག་ཡིན་ནམ་སུས་ཀྱང་གནས་གང་རུང་ན་བཙན་གཡེམ་བྱེད་ཀྱིན་འདུག།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་སྐྱག་ལབ་འདི་ལྟར་བརྒྱབ་ན་ཅི་འདྲ་རེད།

2009-02-15 མདའ་བཙན་པོ། ཀློག་གྲངས། མཆན ཡོད།

                                           ༡
སློབ་མ་ཚོ་ཤིག་འཛིང་སློག་པ་ཞིག་ཨེ་ཡིན་དགེ་རྒན་ཚོས་དབྱུག་པས་འབྲབ་ཀྱིན་འབྲབ་ཀྱིན་འདུག།
ལས་བྱ་དག་འགད་རྫས་ཕུང་བོ་ཞིག་ཨེ་ཡིན་དགེ་རྒན་ཚོས་ཁྲམ་རྟགས་རྒྱག་གིན་རྒྱག་གིན་འདུག།
སྡིགས་དམོད་ནི་གཟུངས་སྔགས་དྲག་པོ་ཞིག་ཨེ་ཡིན་དགེ་རྒན་ཚོས་ཉིན་རེར་འདོན་གྱིན་འདོན་གྱིན་འདུག།
སློབ་གྲྭ་འདི་དབུལ་བོས་འཛིང་ས་ཞིག་ཨེ་ཡིན་སུས་ཀྱང་ཚོད་མེད་དུ་མནར་གྱིན་མནར་གྱིན་འོངས།།
                                            ༢
དཔོན་པོ་ཚོ་སྒྲ་དབྱངས་སྙན་མོ་ཞིག་ཨེ་ཡིན་མི་ངན་སྡར་མ་ཚོས་ཉན་གྱིན་ཉན་གྱིན་འདུག།
གཡོ་སྒྱུ་གན་མཛེས་མའི་བཤང་སྒོ་ཞིག་ཨེ་ཡིན་ཀླད་ཞོ་ངན་པ་ཚོས་སྤྱོད་ཀྱིན་སྤྱོད་ཀྱིན་འདུག།
ལྟག་སྒོ་ཡང་འདུག་ས་སྐྱིད་པོ་ཞིག་ཨེ་ཡིན་རྫུ་མེད་སྨྱོན་པ་ཚོ་འཚང་གིན་འཚང་གིན་འདུག།
སྲིད་གཞུང་འདི་སྒྱུ་མའི་གར་ཆུང་ཞིག་ཨེ་ཡིན་སུ་ཡང་ལྟས་ངན་དེར་འཕྲུལ་གྱིན་འཕྲུལ་གྱིན་འདུག།
                                              ༣
སྙན་ངག་ནི་ལས་ཀ་ཡང་མོ་ཞིག་ཡིན་ནམ་བྱིས་པ་སྣབས་དྲུད་ཚོས་ཀྱང་འབྲི་བཞིན་འབྲི་བཞིན་འདུག།
བསམ་བློ་ཡང་རིན་གོང་དམའ་མོ་ཡིན་ནམ་བཟི་བོ་གཅིན་རྐྱལ་ཚོས་ཀྱང་ལབ་ཀྱིན་ལབ་ཀྱིན་འདུག།
ཚིག་རྒྱན་ཡང་ཡག་རབས་རྒྱན་རབས་ཤིག་ཡིན་ནམ་སྤྲེའུ་ལད་ངོ་དགའ་ཚོས་ཀྱང་གཡུག་གིན་གཡུག་གིན་འདུག།
རྩོམ་རིག་འདི་འཕྱོན་མ་འཆལ་མོ་ཞིག་ཡིན་ནམ་སུས་ཀྱང་གནས་གང་རུང་ན་བཙན་གཡེམ་བྱེད་ཀྱིན་འདུག།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།