དམྱལ་བ་སྔོག་པ།

བུ་མོ་དེས་ཕྱིང་ལྭ་གྱོན་ནས
འོ་མའི་མེ་ལོང་གི་ངོས་སུ་སླར་ཡང་ལྟ་སྐབས
རང་གི་གཟུགས་བརྙན་ཡོངས་སུ་བསྙོགས་པ་ཚོར་མ་ཐག
རྟ་རྒོད་ཅིག་གིས་འཚེར་སྐད་ལྷང་ལྷང་ངང
ཁྱོད་ཀྱི་ལོགས་སུ་གེ་སར་རྒྱལ་བོ་དྲན་བཞིན་བསྡད
སེང་-----ལྕམ་-----འབྲུག་------མོ
བཞོ་དབྱངས་ཀྱི་རོལ་མོ་མེད་པ་ན
ང་གཉིད་ཀྱང་རྨི་ལམ་ཆེས་མཛེས་སྡུག་ཡིན་པ་ག་ལ་རྟོགས

དམར་མདངས་རྒྱས་པའི་མེ་ཏོག་ཆུང་ཆུང་འདི་ལག་དམར་ཡིན་ན
ཕྱི་མ་ད་དུང་བཀས་བཀོད་རྒྱུད་འཛིན་ན་འགུལ་མ་ཐུབ་པར
གནམ་བདག་རྒྱལ་བོས་བཀའ་ཡིག་གི་འོག་ན་ཁུ་སིམ་མེར
ཁྱོད་ཀྱིས་མངོན་སུམ་དུ་རང་གི་བྲང་ཁོག་ལ་གྲི་རིང་བཙུགས
སྲིན་འབུ་དག་ལ་ཁའི་ཉི་འོད་བཞིན་ཡལ་སོང་ན
མེ་ལྕེའི་ཉེ་འགྲམ་གྱི་མེ་ལྕེབས་དེ་ང་ཡིན་ནམ
འགྱིག་ཤོག་འཚིག་གྱིན་པའི་དྲི་མ་ཞིག་འཐུལ་བྱུང་བས
ང་གློ་བུར་དུ་དམྱལ་བ་ནས་སད རྨི་ལམ་ནས་སད

འབངས་གྱེན་ལོག མ་རེད
མཉམ་དཀྲོལ་རོལ་མོ་ཞིག་འཁྲོལ་གྱིན་འདུག
ན་ཟུག་གི་གད་རྒྱངས་ལས་མེ་སྟག་ཅིག་མཆེད་ཀྱང
གཤིན་རྗེ་ཆོས་རྒྱལ་ཁྲི་ཐོག་ན་བློ་བདེ་བག་ཕེབས་ངང
དུ་བ་རེ་འཐེན་གྱིན་ཨ་རག་འཐུང་ཞོར་བསྡད་ཡོད
ང་དགོད་མི་ཉན་གི ཧབ་ཆ་དེ་ལྕགས་སྒྲོག་ལ་འགྱུར་སྲིད
ང་ངུ་མི་ཉན་གི མིག་ཆུ་འདི་ཚེར་མ་རེད
དམྱལ་བ་འདི་ལྟ་བུའི་འཇིག་རྟེན་ཞིག 
                     ༢༠༠༧ ༡༢ ༡༢ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དམྱལ་བ་སྔོག་པ།

2009-02-15 དུག་ཞགས། ཀློག་གྲངས། མཆན ཡོད།

བུ་མོ་དེས་ཕྱིང་ལྭ་གྱོན་ནས
འོ་མའི་མེ་ལོང་གི་ངོས་སུ་སླར་ཡང་ལྟ་སྐབས
རང་གི་གཟུགས་བརྙན་ཡོངས་སུ་བསྙོགས་པ་ཚོར་མ་ཐག
རྟ་རྒོད་ཅིག་གིས་འཚེར་སྐད་ལྷང་ལྷང་ངང
ཁྱོད་ཀྱི་ལོགས་སུ་གེ་སར་རྒྱལ་བོ་དྲན་བཞིན་བསྡད
སེང་-----ལྕམ་-----འབྲུག་------མོ
བཞོ་དབྱངས་ཀྱི་རོལ་མོ་མེད་པ་ན
ང་གཉིད་ཀྱང་རྨི་ལམ་ཆེས་མཛེས་སྡུག་ཡིན་པ་ག་ལ་རྟོགས

དམར་མདངས་རྒྱས་པའི་མེ་ཏོག་ཆུང་ཆུང་འདི་ལག་དམར་ཡིན་ན
ཕྱི་མ་ད་དུང་བཀས་བཀོད་རྒྱུད་འཛིན་ན་འགུལ་མ་ཐུབ་པར
གནམ་བདག་རྒྱལ་བོས་བཀའ་ཡིག་གི་འོག་ན་ཁུ་སིམ་མེར
ཁྱོད་ཀྱིས་མངོན་སུམ་དུ་རང་གི་བྲང་ཁོག་ལ་གྲི་རིང་བཙུགས
སྲིན་འབུ་དག་ལ་ཁའི་ཉི་འོད་བཞིན་ཡལ་སོང་ན
མེ་ལྕེའི་ཉེ་འགྲམ་གྱི་མེ་ལྕེབས་དེ་ང་ཡིན་ནམ
འགྱིག་ཤོག་འཚིག་གྱིན་པའི་དྲི་མ་ཞིག་འཐུལ་བྱུང་བས
ང་གློ་བུར་དུ་དམྱལ་བ་ནས་སད རྨི་ལམ་ནས་སད

འབངས་གྱེན་ལོག མ་རེད
མཉམ་དཀྲོལ་རོལ་མོ་ཞིག་འཁྲོལ་གྱིན་འདུག
ན་ཟུག་གི་གད་རྒྱངས་ལས་མེ་སྟག་ཅིག་མཆེད་ཀྱང
གཤིན་རྗེ་ཆོས་རྒྱལ་ཁྲི་ཐོག་ན་བློ་བདེ་བག་ཕེབས་ངང
དུ་བ་རེ་འཐེན་གྱིན་ཨ་རག་འཐུང་ཞོར་བསྡད་ཡོད
ང་དགོད་མི་ཉན་གི ཧབ་ཆ་དེ་ལྕགས་སྒྲོག་ལ་འགྱུར་སྲིད
ང་ངུ་མི་ཉན་གི མིག་ཆུ་འདི་ཚེར་མ་རེད
དམྱལ་བ་འདི་ལྟ་བུའི་འཇིག་རྟེན་ཞིག 
                     ༢༠༠༧ ༡༢ ༡༢ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།