སྐུད་རྒྱུན་སྟེང་གི་ཚེ་སྲོག

འབྲོང་རྒོད་ཁ་ཤས་རྫ་ལ་གཤར་བའི་རྔམ་སྟབས་ལ་ཅེར་ཏེ
ཤེལ་མིག་ལས་མཐོང་བའི སྣང་བའི་ངའི་འཇིག་རྟེན་ལ་ཅེར་ཏེ
རུལ་བཞིན་པའི་གསེར་ནག་གི་གདུ་བུ་ཁ་ཤས་ལ་ཅེར་ཏེ
སྦྲའི་ཁ་ཚུབ་ལས་མཆེད་ཀྱིན་པའི་དུ་བ་དང
དེ་ལས་འཕྲོས་ཏེ་མཐོང་བའི་སྐར་མདའ་ཞིག
མིག་གིས་ཟིན་ཚོད་མི་འདུག་པའི
རྒྱང་རིང་ལ་སྔ་ས་ནས་ཡལ་འགྲོ་བ་ཚོར་ན་ཡང


ཧ་ཅང་ཐག་རིང་གི་ལྷ་སར་འགྲོ་འདོད་ཆེ་བའི་མེས་པོ་ཚོ
ད་ལྟ་ཁོ་ཚོས་ཅི་ཞིག་བསམ་མམ
བྱང་ཐང་བརྒྱུད་པའི་སྙིང་ཁོངས་ཡོངས་ལ་ན་ཟུག་གི་ལྡེབས་རིས་དང
རྟ་ཕོ་དེ་དག་སྔོག་གསེང་ན་བཞུར་གྱིན་པའི
སྟོབས་ཤུགས་དང་ང་རོ་སུ་ཡིས་བརྐུས་སོང
རྣ་ལམ་ན་རྐང་གླིང་དང་སྦུབས་ཆས་ལས་རོལ་དབྱངས་གང་ཞིག་འདུག

ག་ལེར་གངས་རིར་བསྙེས་ཏེ
ཁྱོད་ཀྱི་བྲང་ཁོངས་རྨང་ནས་ཕྱིར་བཏོན་ཏེ
དཀར་པོ་གང་ཞིག་ཡོད་མདོག་གིས ཁྲག་གིས་སྦགས་པའི
བདེན་དོན་འགའ་ཤས་ལ་ལག་བརྙབས་བྱས
དེ་ནི་ལྷ་སའི་བར་སྐོར་ན་བདོག་པའི་སྤྲང་བོ་དག་ལས་མ་འདས
ཁོ་ཚོའི་མིག་ལམ་ན་ད་གཟོད་སངས་རྒྱས་ཀྱི་བྱིན་རླབས་འདུས་ཡོད

ཞོགས་པའི་ཉི་ཟེར་ངོགས་སུ་འགྱེལ་གྱིན་པའི་སྣང་བར་བལྟས་ཏེ
གང་ཞིག་འགྲུབ་མདོག་གིས་མིག་ཟུང་བཙུམ་ཁུལ་བྱས་ན་ཡང
རྨི་ལམ་ངོ་གདོང་མང་པོ་མཐོང་བྱུང
མཇུག་འབྲས་ཀྱི་རི་མོ་འཇའ་ཚོན་དུ་གྲུབ་སོང


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐུད་རྒྱུན་སྟེང་གི་ཚེ་སྲོག

2009-02-15 མར་མེ། ཀློག་གྲངས། མཆན ཡོད།

འབྲོང་རྒོད་ཁ་ཤས་རྫ་ལ་གཤར་བའི་རྔམ་སྟབས་ལ་ཅེར་ཏེ
ཤེལ་མིག་ལས་མཐོང་བའི སྣང་བའི་ངའི་འཇིག་རྟེན་ལ་ཅེར་ཏེ
རུལ་བཞིན་པའི་གསེར་ནག་གི་གདུ་བུ་ཁ་ཤས་ལ་ཅེར་ཏེ
སྦྲའི་ཁ་ཚུབ་ལས་མཆེད་ཀྱིན་པའི་དུ་བ་དང
དེ་ལས་འཕྲོས་ཏེ་མཐོང་བའི་སྐར་མདའ་ཞིག
མིག་གིས་ཟིན་ཚོད་མི་འདུག་པའི
རྒྱང་རིང་ལ་སྔ་ས་ནས་ཡལ་འགྲོ་བ་ཚོར་ན་ཡང


ཧ་ཅང་ཐག་རིང་གི་ལྷ་སར་འགྲོ་འདོད་ཆེ་བའི་མེས་པོ་ཚོ
ད་ལྟ་ཁོ་ཚོས་ཅི་ཞིག་བསམ་མམ
བྱང་ཐང་བརྒྱུད་པའི་སྙིང་ཁོངས་ཡོངས་ལ་ན་ཟུག་གི་ལྡེབས་རིས་དང
རྟ་ཕོ་དེ་དག་སྔོག་གསེང་ན་བཞུར་གྱིན་པའི
སྟོབས་ཤུགས་དང་ང་རོ་སུ་ཡིས་བརྐུས་སོང
རྣ་ལམ་ན་རྐང་གླིང་དང་སྦུབས་ཆས་ལས་རོལ་དབྱངས་གང་ཞིག་འདུག

ག་ལེར་གངས་རིར་བསྙེས་ཏེ
ཁྱོད་ཀྱི་བྲང་ཁོངས་རྨང་ནས་ཕྱིར་བཏོན་ཏེ
དཀར་པོ་གང་ཞིག་ཡོད་མདོག་གིས ཁྲག་གིས་སྦགས་པའི
བདེན་དོན་འགའ་ཤས་ལ་ལག་བརྙབས་བྱས
དེ་ནི་ལྷ་སའི་བར་སྐོར་ན་བདོག་པའི་སྤྲང་བོ་དག་ལས་མ་འདས
ཁོ་ཚོའི་མིག་ལམ་ན་ད་གཟོད་སངས་རྒྱས་ཀྱི་བྱིན་རླབས་འདུས་ཡོད

ཞོགས་པའི་ཉི་ཟེར་ངོགས་སུ་འགྱེལ་གྱིན་པའི་སྣང་བར་བལྟས་ཏེ
གང་ཞིག་འགྲུབ་མདོག་གིས་མིག་ཟུང་བཙུམ་ཁུལ་བྱས་ན་ཡང
རྨི་ལམ་ངོ་གདོང་མང་པོ་མཐོང་བྱུང
མཇུག་འབྲས་ཀྱི་རི་མོ་འཇའ་ཚོན་དུ་གྲུབ་སོང


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།