མེ་ལོང་ཁྲོད་ཀྱི་ཡུལ་ལྗོངས་དང་མཉམ་དུ་འཆི་བ།

རྣོ་དང་ལྕགས་ཀྱིས་ཁྱོད་ཀྱི་བརླ་རྐང་རྡུང

རྡོ་དང་ཐོ་བས་ཁྱོད་ཀྱི་མཚོ་མོ་དཀྲུག

མཚོན་དང་གོ་ཆས་ཁྱོད་ཀྱི་འབྱུང་བ་བརླག

ལོ་དང་ཟླ་བས་ཁྱོད་ཀྱི་སྐལ་བ་འཕྲོག

ཁ་རོག་གེར་འཆི་བའི་ཨམ་གཙིགས་བསྡམས་ཀྱང

རུས་པ་དག་འོག་ཏུ་སྦས་ནས་སྟེང་དུ་བསྡད་ཀྱང

སྨུག་ལོང་དམ་དུམ་ལས་སྙིང་ཁར་འཐམས་ཀྱང

སེན་མོ་གཏིང་དུ་ཟུག་སྟེ་ཁྲག་གི་རྒྱུ་བ་དབེན་ཡང

རྡུལ་གྱིས་བཏབ་པའི་རྨ་ཁར་མྱུ་གུ་མཆེད་ཀྱང

ལྟད་མོ་ཉི་ཚེ་བ་རེས་ཉིན་མཚན་བསྐྱལ་ཡང

བུད་མེད་ཅིག་གམ་བྱིས་པ་ཞིག་གི་ཨག་སྐད་དང་འདྲ་བའི

མཐའ་སྐོར་གྱི་འཆི་བའི་ཡུལ་གྲུ་དང་འདྲ་བའི

རེད་དེ་ངོ་ལོག་དང་དཀའ་སྡུག་གིས་མནར་བའི་ཤོག་ལྷེ་ཆེན་པོ

སྔས་མགོར་བཀལ་བའི་ས་བཀྲ་དང་འདྲ་བར་ཚལ་བར་གཤགས

རེད་དེ་ལག་པ་ནི་ལྕགས་ཀྱི་མིག་དང་འདྲ་བར

རེད་དེ་ཁ་ནི་སྡོམ་གྱི་དྲ་བ་དང་འདྲ་བར

ཡན་ལག་དམར་པོ་དག་དང་འདྲ་བར

ཕྱོགས་སུ་ཡན་པའི་འབྲུ་རྡོག་གི་ན་ཟུག་དང་འདྲ་བར

བདེ་སྐྱིད་ཀྱི་གྲིབ་གཟུགས་ཡར་ཡོར་དང་འདྲ་བར

འདབ་ལོ་དང་དྲི་ཞིམ་གྱི་བདེ་བས་སྟོང་ལ

ཡུན་རིང་བསྒུགས་ཤིང་ད་ལྟའང་སྒུག་གིན་པའི

གསང་བའི་སྐད་ཆ་དང་དཔྱིད་ཀའི་ནོར་འཁྲུལ་གྱི

མིའི་རིགས་ཀྱི་ཉེས་དམིགས་ཁོ་ནས་འཚོལ་གྱིན་པའི་སྐྱེས་མ

རེད་དེ་ཁྱོད་ཀྱི་ཕུང་བོར་ར་རོའི་དྲི་དང་བྲལ

རེད་དེ་ཁྱོད་ཀྱི་གདོང་ལ་གཡོ་ཡི་གཉེར་མས་དབེན

ཁྱོད་རང་སྟེ་དུས་ཚིགས་ཀྱི་དགའ་བས་མནར་བའི་མི

ཁྱོད་རང་སྟེ་སྐྱ་ཐལ་ལེའི་ལམ་བུས་གྲུབ་པའི་རྟ་ཕོ

ཁྱོད་རང་སྟེ་འཛིང་རྭ་དང་སྟོབས་ཤུགས་ཀྱིས་ཁེངས་པའི་གློ་བ

ཁྱོད་རང་སྟེ་སྡོམ་གྱིས་ཟིན་པའི་སྡོད་ཁང་དང་མི་ལོ་ཆིག་སྟོང

ཁྱོད་རང་སྟེ་ཐར་ཐོར་དུ་འགྲོ་བའི་དམ་བཅའ་དང་མནའ་ཚིག

འོན་ཀྱང་ཉི་མའི་མིག་མདངས་རྣོ་དྲགས་ལ

སྐད་ཆ་དང་འདོད་བརྩེ་མཐའ་དག་སྙི་དྲགས

འོན་ཀྱང་རྨི་ལམ་གྱི་གར་སྟེགས་ལས་ཐོན་ཞིང

འོན་ཀྱང་ཡོལ་བ་དང་ཕུགས་སུ་གནས་པའི་བསམ་བློ་དང

བག་ལ་ཉར་བའི་རྩ་བ་དག་ཀྱང

འོན་ཀྱང་བདག་པོའི་ཁྱིམ་གཞིས་དང་ཁྱིམ་གཞིས་དག་ཀྱང

ཁང་བརྩེགས་དག་ཀྱང་དུས་མཐའ་བཞིན

རྒྱ་ལམ་གྱི་སྣེ་མོ་ཇི་བཞིན

ཉིན་གུང་གི་གསོན་ཤུགས་བྲལ་བའི་ལེའུ་བཞིན

སྟོབས་མེད་པའི་རྒྱབ་རི་ལོ་མས་དཀྲིས་པ་བཞིན

ཁང་སྐྱའི་ཚོགས་ཀྱི་འཆར་ཡན་དང་སྒྱུ་འཕྲུལ་ལ་ཞུགས་པ་བཞིན

ཨ་མ་མར་ལ་སྒུར་བའི་སྐད་ཅིག་མ་བཞིན

ཁྱོད་ཀྱི་མིང་ནས་འབོད་མཁན་དེ་སུ་ཡིན་ནམ

སྐྲ་ལོ་དང་མཆུ་འདབ   གསང་བའི་གནས་དང་ནུ་འཛིན

རྟག་བརྟན་གྱི་དཔྱིད་ཀའི་ལོངས་སྤྱོད   ལོངས་སྤྱོད

དགེ་སྡུག་གིས་འཁྲབ་པའི་ཟློས་གར

ཞི་འཁྲུག  བརྩེ་དུང་གི་མནར་གཅོད  མནར་གཅོད

ཡིད་ཆེས་ཞེས་པའི་སྙན་ངག་ལྷུག་མ

ལོ་རྒྱུས་ཀྱི་མིང་ནས་འབོད་མཁན་དེ་སུ་ཡིན་ནམ

ཡིན་ཡང་སྨིན་ཐག་མ་ཆོད་པའི་རྒྱལ་སྲས་ཤིང་ཏོག་བཞིན་འཐོར་ཞིང

གློ་བུར་གློ་བུར་ཆེ་རུ་རྒྱས་པའི་ཆར་སྤྲིན་གྱི་མགོ་བོའང

ཡིན་ཡང་ཀེང་རུས་ཁོ་ནས་གྲུབ་པའི་བྲིས་རིས

རྡུལ་ལ་མི་སྐྲག་སྟེ་མདེའུ་ལའང

ཡིན་ཡང་གྲག་འགུལ་མེད་པའི་དཔྱིད་ཀ་ལ་སྐྲག་ཐག་ཆོད

ཡིན་ཡང་ལུས་པོ་མཐའ་དག་གི་གས་ཆག་ལ་སྐྲག་ཐག་ཆོད

རྡུལ་གྱི་ཟེགས་མ་ཇི་བཞིན་ཉིལ་བར་སྐྲག་ཐག་ཆོད

ཡིན་ཡང་སིལ་སྒྲ་དང་བཅས་གོམ་པ་རེ་ལེན་བཞིན་འགྱེལ་འགྲོ་བར་སྐྲག་ཐག་ཆོད

ཡིན་ཡང་གྲོག་རོང་ཆེན་པོས་འབུར་ཚིགས་སུ་ནམ་མཁའ་ལ་གྱེར་ཞིང

སྨིན་མའི་མ་དོར་བའི་རྫིག་ཉམས་ལ་སྐྲག་ཐག་ཆོད

སྐྲག་་་་་་་་་་་་་་་་་་་ཐག་་་་་་་་་་་་་་་་་་ཆོད

ཁྱོད་ཀྱིས་འཕྲུལ་དུ་བཅིངས་པའི་གངས་རིའི་ཞགས་པ

ཐལ་བར་གྲུབ་པའི་སྒྱེ་མོ་ཞིག་ཏུ་རྙེད་པའི

གྱང་ལྡེབས་ལ་བཀལ་ཞིང་འཆར་ཡན་གྱི་བྲིས་རིས་ལ་ཅེར་བའི

རྦ་རླབས་དྲག་པོའི་ཁྲོད་དུ་འཁྱོམ་པའི

ཕོ་བ་བྲག་ལ་བརྡབས་པའི

ལྷ་སྒྲུང་ཁྲོད་ཀྱི་སྐྱེས་པ་ཞིག་ཏུ་བསམ་པའི

སྤྲིན་གྱི་ཡོ་ལང་གིས་བསྒྲིབས་པའི

ཕོ་ཤུལ་གྱི་སྐྱེས་མ་ཚོའི་ངོ་གདོང་ལ་གསང་བར་བཀབ་པའི

ཉི་ཟླའི་ཐིག་ལེ་ལ་དཀྲིས་པའི་ལྗོན་པ་ནང་བཞིན

ཁེར་རྐྱང་དུ་ངུ་བ་དང་མཚུངས

ཆ་ཤས་རེ་རེ་འཐོར་ཤུལ་དུ

ཁྲག་གིས་སྦགས་པའི་སྨད་གཡོག་ཅིག་གིས

མིག་ཟུང་མཐོ་རུ་བསྲིངས་ཏེ་ལག་གཡུག་བྱེད་ཅིང

སྐམ་ཐན་དང་ཚ་བས་ཟིན་པའི་བྲག་རྡོའི་བར་གསེང་ནས

འཆར་སྣང་གིས་གོས་པའི་གཟུགས་རིས་གཙང་བོ་ཞིག་ཏུ་སྤྲུལ

ཁང་བ་ལ་སྒྲོན་འོད་མི་འདུག་ཅིང

ལག་པ་ནི་སྙོབ་པ་ཙམ་གྱིས་གཡང་དུ་ལྷུང

མུན་པ་འཚངས་ནས་མིད་པ་བགགས

མེ་སྒོང་བཞིན་པའི་ཐབ་ཚང་ལའང་དྲོད་ཀྱིས་དབེན

ནམ་གསལ་བ་ཁོ་ནར་རེ་སྒུག་བྱེད

སྒོ་མོའི་ལྕེ་རྩེ་བརྒལ་བའི་བྲང་གཞུང་ཁོ་ནས

གནའ་རྫས་ཤིག་དང་འདྲ་བའི་ལག་པ་ཁོ་ནས

ལོ་རྒྱུས་ཀྱི་མདུན་ཅོག་ཁོ་ནའི་སྟེང་དུ

གློག་དམར་འཁྱུག་འཁྱུག་གིས

རང་ཉིད་ཀྱི་ངོ་གདོང་རབ་རིབ་ཅིག་བྲིས

                             ༢༠༠༨

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ལོང་ཁྲོད་ཀྱི་ཡུལ་ལྗོངས་དང་མཉམ་དུ་འཆི་བ།

2009-09-25 ལྡོང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།