ཁ་དོག་གིས་བཞེངས་པའི་འཇིག་རྟེན།
རི་མོར་གྲུབ་པའི་སྤྲིན་པ་དེས་བདག་གི་སེམས་པར་རེག་ནས
དུངས་སེམས་ཀྱིས་བཞེངས་བའི་སྒེའུ་ཁུང་ཆུང་ཆུང་དེ་ཕྱེ་དུས
ཕྱི་གསལ་ནང་གསལ་གྱི་བདག་གི་རེ་ལྟོས་ཡོད་ཚད
ལྷགས་རླུང་གི་འགུལ་སྐྱོད་ལ་འགྲོགས་ནས་ཁྱོད་ཕྱོགས་སུ་ཆས
ཁ་དོག་སྣ་ལྔའི་གྲུབ་བའི་བདག་གི་མིག་མདུན་ཐ་དག
ཁྱོད་ཀྱི་རྐང་རྗེས་ཀྱིས་བཀང་འདུག་པས
རྣམ་ཤེས་ཕྲ་མོའི་གཏེར་སྐུ་ཁྱོད་ཕྱོགས་སུ་སྦྲེལ་འདུག
དྲན་ལྷང་ལྷང་གི་རི་གྲོང་དེ་ནས
སྟོན་ཁའི་སྡོང་ལོར་སྙིང་གཏམ་བརྗོད་བཞིན
ཁ་སང་གི་གཏམ་རྒྱུད་ལ་རྣ་བ་བརླན་དུས
ལོ་མ་དེ་དག་གིས་ངའི་ལས་དབང་ལ་ལག་འཇུ་བྱེད་ཀྱིན་འདུག
དུས་དེ་ནས། ལོ་མ་དག་བདག་གི་སྙན་ངག་གི་ཆུང་མར་གྱུར
ཉི་དགའི་མེ་ཏོག་གི་མགོ་བོར་སེམས་པས་འཐམས་ནས
ཁ་བའི་མེ་ཏོག་གི་ཚེ་སྲོག་ལ་ཟུངས་ཁྲག་མཆོད་དུས
སྨུག་ལོང་ཁྲོད་ཀྱི་བདག་གི་ལུས་ཕུང་ཡོངས་རྫོགས
དབྱར་གཞུང་གཞན་ཞིག་གི་པང་ལ་སླེབས་འདུག་ཨང
༢༠༠༩ལོའི་ཟླ་༥པའི་༢ཚེས་༣ཉིན་ལྷ་ས་ནས་བྲིས།
རྩོམ་ཁུངས། ངེད་དྲ་བ།