དབུས་ནས་མདའ་བཙན་པོར་འཕྲད་པ།


ཆང་ཁང་གི་རྩིག་ངོས་སུ

ཟླ་འོད་ཀྱིས་ཕྱིས་པའི་རྣམ་རྟོག་དེ་གཡོ་བཞིན་འདུག

ཆང་མའི་གཡོ་སྒྱུ་དེའང་མེ་ཏོག་ཅིག་ཏུ་བཞད་འདུག

 

འཆི་བ་དང་འབྲེལ་བའི་སྙན་ངག་ཅིག་གིས

དོ་དགོང་གི་ལྷ་སར་རྣ་ལོང་ཞིག་བཏགས་ན་ཅི་འདྲའི་མཛེས་ཨང

མདའ་བཙན་པོ  ཅི་འདྲའི་དགའ་ཨང

 

ཤག་ཤག་ཏུ་བྱོ་བའི་ཆར་བ་དེས

ཁྱེད་ཀྱིས  ཁ་མ་གྲགས་པར་སྨྲས་པའི

སྐད་ཆ་ཁ་ཤས་བརླན་པར་བྱས་ལ

ཆང་ཕོར་གྱིས་འཁུར་བའི་བར་སྣང་དེའང

ཁྱེད་ཀྱི་དུས་ཚོད་ལ་གླན་པའི་ལྷན་པ་ལེབ་མོ་ཞིག་ལྟར

 

སྨྲེང་བུ་སྨྲེང་སྟེ་སྐད་ཆ་ཞིག་བཤད་པ་དང

ན་རོ་གནག་སྟེ་ཤུགས་རིང་ཞིག་འབྱིན་པ་དེ

ཕ་ཡུལ་ཨ་མདོ་ལ་ལོག་པའི་མེ་འཁོར་ནས་གཡུག་ལ་ཐོངས

 

དབུས་ལ་ཡོང་ནས 

དབུས་ཀྱི་ནངས་སྔ་མོའི་དུས་ཚོད་ཅིག་འཁྱེར་ལ་སོང

དབུས་ཀྱི་དགོང་ཕྱི་དྲོའི་སེམས་ཁམས་ཤིག་འཁྱེར་ལ་སོང

སྔོན་གྱི་བག་ཆགས་ཤིག་འཁྱེར་ལ་སོང

ད་ལྟ  དབུས་རྐྱང་རྐྱང་ཞིག་ཨ་མདོ་ལ་འཁྱེར་ཐུབ་མཁན་ནི་ཉུང་ཚོད་རེད

 

དེའི་ཕྱིར  ངས་ཁྱེད་ལ་བདེ་མོ་མ་བཞག་པའི་རྒྱུ་མཚན་ཡང་དེ་ཡིན

                          

                                                                          ༢༠༠༩ལོའི་ཟླ༨པར

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུས་ནས་མདའ་བཙན་པོར་འཕྲད་པ།

2009-09-15 ན་རོ། ཀློག་གྲངས། མཆན ཡོད།


ཆང་ཁང་གི་རྩིག་ངོས་སུ

ཟླ་འོད་ཀྱིས་ཕྱིས་པའི་རྣམ་རྟོག་དེ་གཡོ་བཞིན་འདུག

ཆང་མའི་གཡོ་སྒྱུ་དེའང་མེ་ཏོག་ཅིག་ཏུ་བཞད་འདུག

 

འཆི་བ་དང་འབྲེལ་བའི་སྙན་ངག་ཅིག་གིས

དོ་དགོང་གི་ལྷ་སར་རྣ་ལོང་ཞིག་བཏགས་ན་ཅི་འདྲའི་མཛེས་ཨང

མདའ་བཙན་པོ  ཅི་འདྲའི་དགའ་ཨང

 

ཤག་ཤག་ཏུ་བྱོ་བའི་ཆར་བ་དེས

ཁྱེད་ཀྱིས  ཁ་མ་གྲགས་པར་སྨྲས་པའི

སྐད་ཆ་ཁ་ཤས་བརླན་པར་བྱས་ལ

ཆང་ཕོར་གྱིས་འཁུར་བའི་བར་སྣང་དེའང

ཁྱེད་ཀྱི་དུས་ཚོད་ལ་གླན་པའི་ལྷན་པ་ལེབ་མོ་ཞིག་ལྟར

 

སྨྲེང་བུ་སྨྲེང་སྟེ་སྐད་ཆ་ཞིག་བཤད་པ་དང

ན་རོ་གནག་སྟེ་ཤུགས་རིང་ཞིག་འབྱིན་པ་དེ

ཕ་ཡུལ་ཨ་མདོ་ལ་ལོག་པའི་མེ་འཁོར་ནས་གཡུག་ལ་ཐོངས

 

དབུས་ལ་ཡོང་ནས 

དབུས་ཀྱི་ནངས་སྔ་མོའི་དུས་ཚོད་ཅིག་འཁྱེར་ལ་སོང

དབུས་ཀྱི་དགོང་ཕྱི་དྲོའི་སེམས་ཁམས་ཤིག་འཁྱེར་ལ་སོང

སྔོན་གྱི་བག་ཆགས་ཤིག་འཁྱེར་ལ་སོང

ད་ལྟ  དབུས་རྐྱང་རྐྱང་ཞིག་ཨ་མདོ་ལ་འཁྱེར་ཐུབ་མཁན་ནི་ཉུང་ཚོད་རེད

 

དེའི་ཕྱིར  ངས་ཁྱེད་ལ་བདེ་མོ་མ་བཞག་པའི་རྒྱུ་མཚན་ཡང་དེ་ཡིན

                          

                                                                          ༢༠༠༩ལོའི་ཟླ༨པར

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།