མི་ཡུལ་འགྲིམ་པའི་བྱེའུ་ཆུང་།


མི་ཡུལ་འགྲིམ་པའི་བྱེའུ་ཆུང༌།།

གཤོག་གྱུར་ཇི་ལྟར་མཁས་ཀྱང༌།།

མཐོ་དབྱིངས་ནམ་མཁའི་བདག་དབང།

བན་བུན་སྤྲིན་པ་མིན་ནམ།།


མི་ཡུལ་འགྲིམ་པའི་ཉ་མོ།།

གསེར་མིག་ཇི་ལྟར་གསལ་ཡང༌།།

མཚོ་མོའི་གཏིང་གི་ནོར་བུ།།

བཟུང་བའི་ནུས་སྟོབས་ཨེ་ཡོད།།

 

མི་ཡུལ་འགྲིམ་པའི་ནེ་ཙོ།།

སྐད་གཉིས་སྨྲ་བར་མཁས་ཀྱང༌།།

སྟུག་པོའི་ནགས་ཀྱི་བདག་པོའི།།

ལོ་ཙཱའི་གོ་ཐོབ་ཡོད་དམ།།

 

མི་ཡུལ་འགྲིམ་པའི་སྦལ་པ།།

ནམ་མཁར་མཆོངས་སྟབས་བྱས་ཀྱང༌།།

ཡ་གིའི་ནམ་མཁའ་ལྡིང་ལ།།

དགོད་གཏམ་སློང་བ་མིན་ནམ།།

 

མི་ཡུལ་འགྲིམ་པའི་འཇོལ་མོ།།

གསུང་སྐད་སྙན་པོ་འདུག་ཀྱང༌།།

ཡུལ་བདག་རྒན་མོའི་སྐད་ལས།།

སྙན་པའི་ཁྱད་ཆོས་མཆིས་སམ།།

 

མི་ཡུལ་འགྲིམ་པའི་ལྕོང་མོ།།

གཟུགས་ལྡེམ་གང་ལས་འཁྱུག་ཀྱང༌།།

མ་གིའི་ཡུལ་བདག་རྒས་པོའི།།

དཔེ་ཟླར་འོས་པ་ཡིན་ནམ།།

 

མི་ཡུལ་འགྲེིམ་པའི་ཁྲུང་ཁྲུང༌།།

ལྷག་བསམ་འོ་མས་གསོས་ཀྱང༌།།

ཕོ་རོག་ནག་ཆུང་དེ་དང༌།།

འགྲན་པའི་སྐལ་བ་ཡོད་དམ།།

 

མི་ཡུལ་འགྲིམ་པའི་ཆུ་བྱ།།

མཚོ་གཞུང་བརྒལ་བར་སྤོབས་ཀྱང༌།།

གཞན་ཡུལ་ཆུ་ཕྲན་གཅོད་པར།།

དཀའ་སྤྱད་མེད་པ་མིན་ནམ།།


མི་ཡུལ་འགྲིམ་པའི་གླག་རྒོད།།

ལ་རྒྱའི་གཤོག་གྱུར་མཁས་ཀྱང༌།།

གཞན་དབང་སྤྲིན་པའི་འོག་ནས།།

ཐར་བའི་སྐལ་བ་མཆིས་སམ།།

 

མི་ཡུལ་འགྲིམ་པའི་གཡག་རོག།།

སྙིང་སྟོབས་ཅི་ལས་ཆེ་ཡང༌།།

མ་ཧེ་སྤུ་མེད་ཅིག་གི།

རིན་ཐང་མེད་པ་ཡྀན་ནམ།།

 

མི་ཡུལ་འགྲིམ་པའི་སེང་ཕྲུག།

བདེན་དོན་གཡུ་རལ་ངོམས་ཀྱང༌།།

འཇིག་རྟེན་གོ་ལྡོག་དུས་འདིར།།

ཁྱི་ཡི་རིན་ཐང་ཡོད་དམ།།

 

མི་ཡུལ་འགྲིམ་པའི་ཆུ་སྲིན།།

གཡོ་སྒྱུས་མི་ཚེ་སྐྱེལ་སྐབས།།

ལས་འབྲས་གཤིན་རྗེ་གཤེད་ཀྱང༌།།

བརྙས་བཅོས་འཁུར་བ་མིན་ནམ།།


མི་ཡུལ་འགྲིམ་པའི་རྨ་བྱ།།

སྒྲོ་མདོངས་གཞན་ལས་མཚར་ཡང༌།།

རྒྱ་མཚོའི་ཁུག་རྟ་དེ་ལ།།

འགྲན་པའི་སྐལ་བ་ཡོད་དམ།།

 

མི་ཡུལ་འགྲིམ་པའི་རུས་སྦལ།།

གོམ་སྟབས་དལ་བ་དེས་ཀྱང༌།།

ལྷོ་མཐའི་ཁུ་བྱུག་དེ་ཡི།།

བཞུད་ལམ་རྙེད་པ་འདུག་གམ།།

 

མི་ཡུལ་འགྲིམ་པའི་ཕྱེ་ལེབ།།

རང་སྲོག་མེ་ལ་ལྕེབས་ཀྱང༌།།

གཡུ་སྦྲང་གཞན་དོན་མཁས་པའི།།

ཞབས་རྗེས་ཟིན་པ་འདུག་གམ།།

 

མི་ཡུལ་འགྲིམ་པའི་ཚེ་སྲོག།

གངས་རིའི་སྐྱེད་མས་བསྩལ་ཡང༌།།

བསམ་གཞིགས་རྒྱ་མཚོའི་ཀློང་ལས།།

དྲིན་གྱི་རིན་ཐང་རྟོགས་སམ།།

 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཡུལ་འགྲིམ་པའི་བྱེའུ་ཆུང་།

2009-09-03 མི་གསལ། ཀློག་གྲངས། མཆན ཡོད།


མི་ཡུལ་འགྲིམ་པའི་བྱེའུ་ཆུང༌།།

གཤོག་གྱུར་ཇི་ལྟར་མཁས་ཀྱང༌།།

མཐོ་དབྱིངས་ནམ་མཁའི་བདག་དབང།

བན་བུན་སྤྲིན་པ་མིན་ནམ།།


མི་ཡུལ་འགྲིམ་པའི་ཉ་མོ།།

གསེར་མིག་ཇི་ལྟར་གསལ་ཡང༌།།

མཚོ་མོའི་གཏིང་གི་ནོར་བུ།།

བཟུང་བའི་ནུས་སྟོབས་ཨེ་ཡོད།།

 

མི་ཡུལ་འགྲིམ་པའི་ནེ་ཙོ།།

སྐད་གཉིས་སྨྲ་བར་མཁས་ཀྱང༌།།

སྟུག་པོའི་ནགས་ཀྱི་བདག་པོའི།།

ལོ་ཙཱའི་གོ་ཐོབ་ཡོད་དམ།།

 

མི་ཡུལ་འགྲིམ་པའི་སྦལ་པ།།

ནམ་མཁར་མཆོངས་སྟབས་བྱས་ཀྱང༌།།

ཡ་གིའི་ནམ་མཁའ་ལྡིང་ལ།།

དགོད་གཏམ་སློང་བ་མིན་ནམ།།

 

མི་ཡུལ་འགྲིམ་པའི་འཇོལ་མོ།།

གསུང་སྐད་སྙན་པོ་འདུག་ཀྱང༌།།

ཡུལ་བདག་རྒན་མོའི་སྐད་ལས།།

སྙན་པའི་ཁྱད་ཆོས་མཆིས་སམ།།

 

མི་ཡུལ་འགྲིམ་པའི་ལྕོང་མོ།།

གཟུགས་ལྡེམ་གང་ལས་འཁྱུག་ཀྱང༌།།

མ་གིའི་ཡུལ་བདག་རྒས་པོའི།།

དཔེ་ཟླར་འོས་པ་ཡིན་ནམ།།

 

མི་ཡུལ་འགྲེིམ་པའི་ཁྲུང་ཁྲུང༌།།

ལྷག་བསམ་འོ་མས་གསོས་ཀྱང༌།།

ཕོ་རོག་ནག་ཆུང་དེ་དང༌།།

འགྲན་པའི་སྐལ་བ་ཡོད་དམ།།

 

མི་ཡུལ་འགྲིམ་པའི་ཆུ་བྱ།།

མཚོ་གཞུང་བརྒལ་བར་སྤོབས་ཀྱང༌།།

གཞན་ཡུལ་ཆུ་ཕྲན་གཅོད་པར།།

དཀའ་སྤྱད་མེད་པ་མིན་ནམ།།


མི་ཡུལ་འགྲིམ་པའི་གླག་རྒོད།།

ལ་རྒྱའི་གཤོག་གྱུར་མཁས་ཀྱང༌།།

གཞན་དབང་སྤྲིན་པའི་འོག་ནས།།

ཐར་བའི་སྐལ་བ་མཆིས་སམ།།

 

མི་ཡུལ་འགྲིམ་པའི་གཡག་རོག།།

སྙིང་སྟོབས་ཅི་ལས་ཆེ་ཡང༌།།

མ་ཧེ་སྤུ་མེད་ཅིག་གི།

རིན་ཐང་མེད་པ་ཡྀན་ནམ།།

 

མི་ཡུལ་འགྲིམ་པའི་སེང་ཕྲུག།

བདེན་དོན་གཡུ་རལ་ངོམས་ཀྱང༌།།

འཇིག་རྟེན་གོ་ལྡོག་དུས་འདིར།།

ཁྱི་ཡི་རིན་ཐང་ཡོད་དམ།།

 

མི་ཡུལ་འགྲིམ་པའི་ཆུ་སྲིན།།

གཡོ་སྒྱུས་མི་ཚེ་སྐྱེལ་སྐབས།།

ལས་འབྲས་གཤིན་རྗེ་གཤེད་ཀྱང༌།།

བརྙས་བཅོས་འཁུར་བ་མིན་ནམ།།


མི་ཡུལ་འགྲིམ་པའི་རྨ་བྱ།།

སྒྲོ་མདོངས་གཞན་ལས་མཚར་ཡང༌།།

རྒྱ་མཚོའི་ཁུག་རྟ་དེ་ལ།།

འགྲན་པའི་སྐལ་བ་ཡོད་དམ།།

 

མི་ཡུལ་འགྲིམ་པའི་རུས་སྦལ།།

གོམ་སྟབས་དལ་བ་དེས་ཀྱང༌།།

ལྷོ་མཐའི་ཁུ་བྱུག་དེ་ཡི།།

བཞུད་ལམ་རྙེད་པ་འདུག་གམ།།

 

མི་ཡུལ་འགྲིམ་པའི་ཕྱེ་ལེབ།།

རང་སྲོག་མེ་ལ་ལྕེབས་ཀྱང༌།།

གཡུ་སྦྲང་གཞན་དོན་མཁས་པའི།།

ཞབས་རྗེས་ཟིན་པ་འདུག་གམ།།

 

མི་ཡུལ་འགྲིམ་པའི་ཚེ་སྲོག།

གངས་རིའི་སྐྱེད་མས་བསྩལ་ཡང༌།།

བསམ་གཞིགས་རྒྱ་མཚོའི་ཀློང་ལས།།

དྲིན་གྱི་རིན་ཐང་རྟོགས་སམ།།

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།