རང་ཉིད་ངོ་སྤྲོད།


ང་ཡི་སྨྱུག་མིང་ཁ་བའི་ལྷ་མོ་ཟེར།།
ཕ་ཡུལ་སི་ཁྲོན་དཀར་མཛེས་རྫོང་ནས་ཡིན།།
སློབ་འབྲིང་འགྲིམ་པའི་སྐལ་བ་ལྡན་ན་ཡང༌།།
རྗེས་སུ་སློབ་བཤོལ་མི་བྱེད་ཀ་མེད་བྱུང༌།།

ཉེ་བའི་ལོ་ཤས་རིང་ལ་གང་སར་འཁྱམས།།
སྐྱིད་སྡུག་རེས་མོས་སོས་ཀའི་གནམ་ངོ་འདྲ།།
ང་འདྲའི་ཉམ་ཐག་བོད་མོའི་ལས་དབང་ལ།།
དོན་གྱི་སྙིང་རྗེ་སྐྱེ་མཁན་སུ་ཞིག་ཡོད།།

ཆུང་དུས་བོད་ཡིག་སྦྱོང་འདོད་རབ་ཆེ་ཡང༌།།
རྩ་ཆེའི་དུས་ཚོད་བར་ཆད་བདུད་ཀྱིས་ཁྱེར།།
རང་ལུས་མཛེས་པ་རང་གི་དགྲ་རུ་གྱུར།།
ཕོ་གཞོན་མང་པོའི་རྩེད་ཆས་ཙམ་དུ་སོང༌།།

ད་ནི་མོ་ལོ་སུམ་ཅུ་བརྒལ་ལ་ཉེ།།
གཞོན་པའི་ལང་ཚོ་ཉིན་བཞིན་མཐའ་ནས་བསྡུ།།
སེམས་པའི་ཁོང་དུ་དཀའ་ཁག་རི་ལྟར་བརྩེགས།།
སེམས་ཀྱི་སྙིང་གཏམ་ཙམ་ཞིག་ཤོད་ས་མེད།།

ཚེ་གཅིག་མི་གཡོག་བྱེད་པའི་ལས་བསྐོས་འདི།།
ང་ཚོ་བོད་མོ་ཕལ་གྱི་ལས་དབང་འདྲ།།
སྦྱིན་བདག་ངོ་སྲུང་མི་ཤེས་བཀའ་བཀྱོན་རག།
སྐྱོ་བའི་མིག་ཟུར་ཕ་ཡུལ་ཕྱོགས་སུ་འཁོར།།

ཚེ་འདིར་མ་ལོའི་བཀའ་ལས་འགལ་བའི་ཕྱིར།།
ཨ་མར་འཕྲད་པའི་སྤོབས་པ་ཉིན་བཞིན་ཡལ།།
ནངས་ནུབ་གུས་པའི་ལྷ་ཕྱག་རིང་མོའི་བརྒྱུད།།
ཨ་མར་སྨྱུང་གཞི་མེད་པའི་སྨོན་ལམ་འདེབས།།

བུ་མོ་སྡོད་སའི་གསོལ་མགྲོན་ཁང་ཆེན་འདིར།།
རང་རིགས་སྤུན་ཟླ་སུ་དང་སུ་བྱུང་ཡང༌།།
མི་འགྱུར་ཨ་ཤེ་དཀར་པོའི་ཁ་བཏགས་བརྒྱུད།།
བུ་མོ་ང་ཡིས་སྙིང་ནས་གུས་འདུད་ཞུ།།

སྤོས་ངད་ལྡན་པའི་གྲོང་དུ་བཞུགས་པ་ཡི།།
བོད་ཡིག་བསྐྱར་དུ་སློབ་པའི་བཤེས་གཉེན་ཁོང༌།།
བུ་མོ་ང་ལ་བཀའ་དྲིན་ཆེ་བའི་ཕྱིར།།
ཚེ་འདིའི་ཕ་མ་གཉིས་དང་ཁྱད་པར་མེད།།

རང་གི་རིགས་ལ་ཤ་ཞེན་ཆེ་བ་ཡི།།
གཤིས་ཀ་འདི་ཡང་ཁོང་གི་ས་ནས་བྱུང༌།།
ད་ནི་ཚེ་མཇུག་སྲོག་གི་ཐག་པ་འདི།།
མི་རིགས་འདི་ཡི་དོན་དུ་འབུལ་ཡང་སྤོབས།།

རྩོམ་འདི་མིང་སྲིང་སུ་ཡིས་གཟིགས་གྱུར་ཀྱང༌།།
ཡིད་འགུལ་ཐེབས་པའི་སྨན་དུ་རབ་གྱུར་ཏེ།།
ལོག་པའི་ལམ་གྱི་གཡང་ས་ལས་ལྡོག་སྟེ།།
དོན་ལྡན་མི་ཚེའི་ལམ་ཆེན་རྙེད་གྱུར་ཅིག།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ཉིད་ངོ་སྤྲོད།

2009-09-03 ཁ་བ་ལྷ་མོ། ཀློག་གྲངས། མཆན ཡོད།


ང་ཡི་སྨྱུག་མིང་ཁ་བའི་ལྷ་མོ་ཟེར།།
ཕ་ཡུལ་སི་ཁྲོན་དཀར་མཛེས་རྫོང་ནས་ཡིན།།
སློབ་འབྲིང་འགྲིམ་པའི་སྐལ་བ་ལྡན་ན་ཡང༌།།
རྗེས་སུ་སློབ་བཤོལ་མི་བྱེད་ཀ་མེད་བྱུང༌།།

ཉེ་བའི་ལོ་ཤས་རིང་ལ་གང་སར་འཁྱམས།།
སྐྱིད་སྡུག་རེས་མོས་སོས་ཀའི་གནམ་ངོ་འདྲ།།
ང་འདྲའི་ཉམ་ཐག་བོད་མོའི་ལས་དབང་ལ།།
དོན་གྱི་སྙིང་རྗེ་སྐྱེ་མཁན་སུ་ཞིག་ཡོད།།

ཆུང་དུས་བོད་ཡིག་སྦྱོང་འདོད་རབ་ཆེ་ཡང༌།།
རྩ་ཆེའི་དུས་ཚོད་བར་ཆད་བདུད་ཀྱིས་ཁྱེར།།
རང་ལུས་མཛེས་པ་རང་གི་དགྲ་རུ་གྱུར།།
ཕོ་གཞོན་མང་པོའི་རྩེད་ཆས་ཙམ་དུ་སོང༌།།

ད་ནི་མོ་ལོ་སུམ་ཅུ་བརྒལ་ལ་ཉེ།།
གཞོན་པའི་ལང་ཚོ་ཉིན་བཞིན་མཐའ་ནས་བསྡུ།།
སེམས་པའི་ཁོང་དུ་དཀའ་ཁག་རི་ལྟར་བརྩེགས།།
སེམས་ཀྱི་སྙིང་གཏམ་ཙམ་ཞིག་ཤོད་ས་མེད།།

ཚེ་གཅིག་མི་གཡོག་བྱེད་པའི་ལས་བསྐོས་འདི།།
ང་ཚོ་བོད་མོ་ཕལ་གྱི་ལས་དབང་འདྲ།།
སྦྱིན་བདག་ངོ་སྲུང་མི་ཤེས་བཀའ་བཀྱོན་རག།
སྐྱོ་བའི་མིག་ཟུར་ཕ་ཡུལ་ཕྱོགས་སུ་འཁོར།།

ཚེ་འདིར་མ་ལོའི་བཀའ་ལས་འགལ་བའི་ཕྱིར།།
ཨ་མར་འཕྲད་པའི་སྤོབས་པ་ཉིན་བཞིན་ཡལ།།
ནངས་ནུབ་གུས་པའི་ལྷ་ཕྱག་རིང་མོའི་བརྒྱུད།།
ཨ་མར་སྨྱུང་གཞི་མེད་པའི་སྨོན་ལམ་འདེབས།།

བུ་མོ་སྡོད་སའི་གསོལ་མགྲོན་ཁང་ཆེན་འདིར།།
རང་རིགས་སྤུན་ཟླ་སུ་དང་སུ་བྱུང་ཡང༌།།
མི་འགྱུར་ཨ་ཤེ་དཀར་པོའི་ཁ་བཏགས་བརྒྱུད།།
བུ་མོ་ང་ཡིས་སྙིང་ནས་གུས་འདུད་ཞུ།།

སྤོས་ངད་ལྡན་པའི་གྲོང་དུ་བཞུགས་པ་ཡི།།
བོད་ཡིག་བསྐྱར་དུ་སློབ་པའི་བཤེས་གཉེན་ཁོང༌།།
བུ་མོ་ང་ལ་བཀའ་དྲིན་ཆེ་བའི་ཕྱིར།།
ཚེ་འདིའི་ཕ་མ་གཉིས་དང་ཁྱད་པར་མེད།།

རང་གི་རིགས་ལ་ཤ་ཞེན་ཆེ་བ་ཡི།།
གཤིས་ཀ་འདི་ཡང་ཁོང་གི་ས་ནས་བྱུང༌།།
ད་ནི་ཚེ་མཇུག་སྲོག་གི་ཐག་པ་འདི།།
མི་རིགས་འདི་ཡི་དོན་དུ་འབུལ་ཡང་སྤོབས།།

རྩོམ་འདི་མིང་སྲིང་སུ་ཡིས་གཟིགས་གྱུར་ཀྱང༌།།
ཡིད་འགུལ་ཐེབས་པའི་སྨན་དུ་རབ་གྱུར་ཏེ།།
ལོག་པའི་ལམ་གྱི་གཡང་ས་ལས་ལྡོག་སྟེ།།
དོན་ལྡན་མི་ཚེའི་ལམ་ཆེན་རྙེད་གྱུར་ཅིག།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།