ཁེར་རྐྱང་གི་འབོད་པ།
རྨི་ལམ་གདངས་ཀྱིས་སྒུལ་བའི་གཙང་བོའི་འགྲམ་ནས།།
སྡུག་གི་ཚོར་ཤེས་དམར་པོ་སྙིང་ཁར་འཚང་ཡོང༌།།
ལོ་ཟླའི་སྒེའུ་ཁུང་བརྟོལ་བའི་སེམས་ཀྱི་བདག་མོ།།
འཆར་ཡན་སབ་སིབ་ཁྲོད་ནས་རྒྱང་ལ་ཆས་སོང༌།།
མཚན་མོ་མིག་ཆུས་སྦྲུམ་པའི་སེམས་ངལ་སྐྱ་བོ།།
མི་རྐྱང་ཤུལ་དུ་ལུས་པའི་རྡོག་སྒྲར་གོ་ཡང༌།།
འདུ་བྲལ་ཁྲག་ལ་བཞེངས་པའི་སེམས་ཀྱི་འཐབ་འཛིང༌།།
ཚོར་སྣང་བན་བུན་ཁྲོད་ནས་ཁད་ཀྱིས་འཁྲིགས་བྱུང༌།།
2006.3.5.ཉིན་སློབ་ཁང་ནས།
རྩོམ་ཁུངས། ངེད་དྲ་བ།