སྒྲོལ་མ་ཡི་འོ།
ཞོགས་པར ཉི་འོད་ཀྱི་འཇམ་ཤ་སྙེག་ཅིང
མཚན་མོར ཟླ་འོད་གྱི་བསིལ་ཤ་མཁོ་བའི་མི་རྣམས
ཆོག་ཤེས་མེད་པའི་སྒེར་སེམས་ཀྱིས་སྒུལ་དུས
ང་གཅིག་པུ་སྒྲོལ་མའི་འཛུམ་ཆུང་གིས་སྒུལ་བྱུང
ཁྱོད་ཀྱིས་འཚོ་གནས་དང་འབྲེལ་བའི་ཐ་སྙད་རེ་རེ
རྒྱ་ཆེ་ཞིང་གཏོང་ཟབ་པའི་གཞུང་ལུགས་སུ་སྒྲིག་ནས
ཡིན་ལུགས་བརྒྱ་དང་བདེན་ལུགས་སྟོང་གིས་བརྗོད་དུས་ཀྱང
ཏག་ཏག ངའི་འདོད་བློ་སྒྲོལ་མ་ཁོ་ནས་ཚིམ་ཡོད
དུས་ཚོད་ཀྱི་གཙང་བོ་འདི་ལྟར་མུ་རུ་བཞུར་ནས
ངའི་ལང་ཚོའི་ལྗོན་པར ཧ་ཅང་ཀུ་ཡངས་ཀྱིས
ལྗང་མདོག་ཡུག་གཅིག་བསྐྱུར་མི་སྲིད་ན་ཡང
ང་ལ་སྒྲོལ་མ་ཡོད་པས་ཅི་ལ་མི་ཆོག
ངས་ནམ་ཡང་བརྗོད་ཆོག་ལ་བརྗོད་དགོས་པའི
ངའི་ཚེ་གཅིག་གི་གསང་བར་མ་གྲུབ་པའི་གསང་བ
ཁྱོད་ལ་ང་རྒྱལ་གྱིས་བརྗོད་འདོད་པའི་སྐད་ཆ་ནི
མཚན་མོ་དེར སྒྲོལ་མས་ཀྱང་ང་ལ་འོ་བྱས་བྱུང
2006-10-19
ཞོར་གྱི་སྐད་ཆ། ཁ་བྱང་ལ<<ཀྲིན་ནས་ང་ལ་འོ་བྱས་བྱུང>>ཞེས་པའི་སྙན་ངག་དེས།
ཏག་ཏག ངའི་སེམས་ལ་མཚན་མོ་མང་པོའི་ཡར་སྔོན་གྱི་སྒྲོལ་མ་དེད་ཡོང༌།
རྩོམ་ཁུངས། ངེད་དྲ་བ།