ལྷ་ས་སྐྱིད་པ་ལ། ལྷ་ས་མཛེས་པ་ལ།

                       _____མཚོ་སྔོན་རླུང་འཕྲིན་ནས་བཏངས་བའི་གླུ་དབྱངས་ཤིག་ལ་ཕུལ་བ།

ཐག་པ་ལྟ་བུའི་ཚོར་བ་ལྷ་སའི་སྐྱིད་ཆུ་བཞིན་འཁྱུད་ནས
ས་གཞི་བརླན    པོ་ཏ་ལ་ཞེས་བའི་མཁར་དེའང་བརླན
རྒྱ་ཕིབས་ཀྱི་ངོ་གདོང་གི་རྔུལ་ཆུ     བྱ་རྒོད་དེས་བལྡག
དུས་བཞི་བོར   རི་བོ་ཞེས་པའི་སྤར་ཁྱིམ་དེ་ནས
ཐར་དཀའ་བ་ནི  དུང་དཀར་གཡས་འཁྱིལ་འབུད་པའི་བཙུན་མ་དེ་ཨང་་་་་་་
ལྷ་ས་སྐྱིད་པ་ལ    ལྷ་ས་མཛེས་པ་ལ

གཏམ་རྒྱུད་ཀྱི་རྫ་ཁོག་ཏུ་ཧ་ཅང་སྐྱུར་བའི    གནའ་བོའི་མཁར
རྒན་རྒོན་ཚོས་ཀྱང་གསོལ་བ་བཏབས་མྱོང་བའི་“མི་སྤྲུལ་བ་ཅན”
མཆོད་ཀོང་གི་དམག་མི་ཚོའི་བཀོད་འདོམས་འོག་ཏུ
མི་སུ་ཞིག་གིས་“ང་ལ་ལམ་སྟོན་རོགས་”ཟེར་ནས་གསོལ་བ་བཏབས་མ་མྱོང
མི་ཚོགས་ལུག་ལྟར་འཚུབས་སའི་སྲང་མདོ་ཞིག་ནས
གླུ་སྐད་གྲགས་བྱུང
ལྷ་ས་སྐྱིད་པ་ལ  ལྷ་ས་མཛེས་པ་ལ

ཆུ་ཕྲན་ཞིག་ཀྱང་བཞུར་མ་མྱོང་བའི་ལུང་བ་དེའི་ནང་ནས
བསང་དང་བྱེའུ་ཆུང་གི་གཤོག་སྒྲོ་སྡེབ་པའི་སྒྲ
དཔའ་བོ་དེས་གཡུག་པའི་རལ་གྲི་བཞིན་ལྷོད་མ་མྱོང
ད་དུང   ཁིས་ཁ་དམར་བོ་དང་སྐྱ་མི་སྨུག་པོ
ང་ཚོ་གཉིད་མ་ཐག་ནས་མིག་ལ་སྦྲང་མ་བཞིན་འཁོར་བའི
ལྷ་ས    སྐྱིད་པ་ལ      མཛེས་པ་ལ

                            ༢༠༠༤ལོའི་ཟླ་༦པའི་ཚེས༡༧ཉིན་ལན་གྲུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་ས་སྐྱིད་པ་ལ། ལྷ་ས་མཛེས་པ་ལ།

2009-08-09 ཨ་རྡོར། ཀློག་གྲངས། མཆན ཡོད།

                       _____མཚོ་སྔོན་རླུང་འཕྲིན་ནས་བཏངས་བའི་གླུ་དབྱངས་ཤིག་ལ་ཕུལ་བ།

ཐག་པ་ལྟ་བུའི་ཚོར་བ་ལྷ་སའི་སྐྱིད་ཆུ་བཞིན་འཁྱུད་ནས
ས་གཞི་བརླན    པོ་ཏ་ལ་ཞེས་བའི་མཁར་དེའང་བརླན
རྒྱ་ཕིབས་ཀྱི་ངོ་གདོང་གི་རྔུལ་ཆུ     བྱ་རྒོད་དེས་བལྡག
དུས་བཞི་བོར   རི་བོ་ཞེས་པའི་སྤར་ཁྱིམ་དེ་ནས
ཐར་དཀའ་བ་ནི  དུང་དཀར་གཡས་འཁྱིལ་འབུད་པའི་བཙུན་མ་དེ་ཨང་་་་་་་
ལྷ་ས་སྐྱིད་པ་ལ    ལྷ་ས་མཛེས་པ་ལ

གཏམ་རྒྱུད་ཀྱི་རྫ་ཁོག་ཏུ་ཧ་ཅང་སྐྱུར་བའི    གནའ་བོའི་མཁར
རྒན་རྒོན་ཚོས་ཀྱང་གསོལ་བ་བཏབས་མྱོང་བའི་“མི་སྤྲུལ་བ་ཅན”
མཆོད་ཀོང་གི་དམག་མི་ཚོའི་བཀོད་འདོམས་འོག་ཏུ
མི་སུ་ཞིག་གིས་“ང་ལ་ལམ་སྟོན་རོགས་”ཟེར་ནས་གསོལ་བ་བཏབས་མ་མྱོང
མི་ཚོགས་ལུག་ལྟར་འཚུབས་སའི་སྲང་མདོ་ཞིག་ནས
གླུ་སྐད་གྲགས་བྱུང
ལྷ་ས་སྐྱིད་པ་ལ  ལྷ་ས་མཛེས་པ་ལ

ཆུ་ཕྲན་ཞིག་ཀྱང་བཞུར་མ་མྱོང་བའི་ལུང་བ་དེའི་ནང་ནས
བསང་དང་བྱེའུ་ཆུང་གི་གཤོག་སྒྲོ་སྡེབ་པའི་སྒྲ
དཔའ་བོ་དེས་གཡུག་པའི་རལ་གྲི་བཞིན་ལྷོད་མ་མྱོང
ད་དུང   ཁིས་ཁ་དམར་བོ་དང་སྐྱ་མི་སྨུག་པོ
ང་ཚོ་གཉིད་མ་ཐག་ནས་མིག་ལ་སྦྲང་མ་བཞིན་འཁོར་བའི
ལྷ་ས    སྐྱིད་པ་ལ      མཛེས་པ་ལ

                            ༢༠༠༤ལོའི་ཟླ་༦པའི་ཚེས༡༧ཉིན་ལན་གྲུ་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།