རྟགས་སྣ་ཚོགས།

                   ------ཤར་མར་བྲིས་བའི་ཚིགས་བཅད་འགའ།  

གནའ་བོའི་མཁར་རྫོང་གཏོར་ནས་གྱང་ཆག་ཏུ་ལུས་ཤིང༌།།
ཡིད་མུག་སེམས་རྩ་འཆིང་ནས་དར་སོབ་ཏུ་གྱུར་ལ།།
མཐའ་བཞིའི་རྒྱལ་ཁམས་སྐྱོ་ནས་འགྲམ་ཤ་རེ་འཐེན་དུས།།
ཆུ་ངོགས་གད་པ་ཆད་པའི་རྟགས་ངན་ཞིག་ཐོན་བྱུང༌།།

བྱང་ཆུབ་སེམས་ཀྱི་རྒད་པོ་དགུན་ཉལ་ཞིག་བྱས་བས།།
སྟག་ཤར་གཞོན་ནུའི་ཚོན་ཆ་རྔ་མ་ལྟར་འདྲུལ་ལ།།
བྱིས་བ་བསམ་མེད་ངུ་བའི་སེམས་ངལ་འདི་མཐོང་དུས།།
འུག་རྒན་ཉིན་ལ་གྲགས་པའི་རྟགས་ངན་ཞིག་མཐོང་བྱུང༌།།

ཐོག་དམར་བྲག་ལ་འཁྱུག་པས་འཇིགས་རྔམ་ཞིག་ཤར་ལ།།
འགོང་བོ་རི་ལ་རྒྱུགས་པས་ཐལ་རྡུལ་འདི་འཚུབ་པ།།
མི་འཆི་རྒན་མོ་ཉལ་བའི་རྨི་བལྟས་དེ་འཇིགས་པས།།
ཆུ་བོ་ཁྲག་ཏུ་འབབ་པའི་རྟགས་ངན་ཞིག་མཐོང་བྱུང༌།།

དུག་ཅན་སྤྲུལ་གྱི་ཁ་མཆུ་དཀྱིལ་འཁོར་དུ་གཏོར་ལ།།
ལྷ་ལམ་སྐྱིད་པའི་སྣང་བ་བཙོག་དྲི་ཡིས་ཟོས་ཤིང༌།།
ཞེད་སྣང་སྲིན་མོ་དགོད་པའི་དངངས་སྐྲག་འདི་ཐོས་དུས།།
ཕོ་རོག་ཨག་སྐད་སྒྲོག་པའི་རྟགས་ངན་ཞིག་མཐོང་བྱུང༌།།

དུ་སྤྲིན་སྲིན་པོའི་མཇུག་མ་ནམ་མཁའ་ལ་སྲིང་སྟེ།།
ཡིད་འོང་སྐར་ཆུང་འཛུམ་པའི་སྙིང་རྩ་ལ་འཐམས་ཤིང༌།།
གློ་བུར་དབྱངས་ཀྱི་གྲོང་ཁྱེར་དམྱལ་ཁམས་ལྟར་འཁྲིགས་དུས།།
གླུ་བདུད་བཙན་ལ་འཐབ་པའི་རྟགས་ངན་ཞིག་མཐོང་བྱུང༌།།

གཡོ་ཅན་ཁྲམ་པ་འདུས་བའི་གར་སྟབས་ཀྱི་དབུས་སུ།།
ལྷད་མེད་ཁྱེའུ་ཆུང་འཁུམས་ནས་མཐེབ་མོ་རེ་སྟོན་ལ།།
འཕྲུལ་ཅན་སྒྱུ་མ་མཁན་གྱིས་གློ་སྙིང་ལ་རེག་དུས།།
དཔའ་བོའི་ཁྲབ་བྱང་ཐོར་བའི་རྟགས་ངན་ཞིག་མཐོང་བྱུང༌།།

བྱ་རྒོད་བྲག་ལ་བརྡབས་པའི་ཟུངས་ཁྲག་གི་ཐིགས་པ།།
གངས་སེང་བཅུད་ལྡན་འོ་མའི་རྒྱ་མཚོ་རུ་འཛག་ཤིང༌།།
ནགས་ཀྱི་དྲེད་མོ་ངུར་བའི་གད་རྒྱངས་དེ་ཐོས་དུས།།
གྲུབ་ཆེན་བུང་བུར་ཞོན་པའི་རྟགས་ངན་ཞིག་མཐོང་བྱུང༌།།

གཡུ་འབྲུག་ལྷོ་རུ་འཕུར་བའི་ནམ་མཁའ་ཡི་ཁམས་ན།།
སྲིན་པོ་ཤ་ལ་རྔམ་པའི་གོམས་སྟབས་དེ་འགྱོགས་ལ།།
ལུག་ཁྱུ་ཆར་སྨག་ནག་པོས་གཡང་གཟར་ལ་དེད་དུས།།
སེར་རྡོ་དགུང་ནས་ལྷུང་བའི་རྟགས་ངན་ཞིག་ཐོན་བྱུང༌།།

འབྱུང་གཞི་ལུས་ཀྱི་ན་ཟུག་མེ་ལྕེ་ལྟར་འཕྱོ་ལ།།
འཆི་བདག་ངར་མ་གཟའ་བདུད་བཙན་པོ་ལྟར་ཐོན་དུས།།
ཆུང་མའི་བརྩེ་བ་དྲོན་མོ་ཐལ་དོང་དུ་བསྐྱུར་ཚེ།།
ཚེ་འབར་རླུང་གིས་གསོད་པའི་རྟགས་ངན་ཞིག་ཤར་བྱུང༌།།

                          ༢༠༠༠ལོའི་ཟླ་༨ པར་གཙོས་བོད་རིགས་སློབ་འབྲིང་ནས།     
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྟགས་སྣ་ཚོགས།

2009-08-09 ཨ་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།