མི་ཉག་གི་བུ་མོ་ཞིག་ལ་བྲིས་པ།
རྒུན་ཆང་བུམ་པ་གང་དེ
ཁྱེད་ཀྱིས་ཕྱེད་ཙམ་དང་ང་ཡིས་ཕྱེད་ཙམ་བྱས་ནས
བརྩེ་དུང་ལྟར་བྲོ་བ་རིགས་ཤིག་ལ་འཁྲུལ་ནས
ཡོངས་སུ་འཐུང་ཚར་རྗེས
ང་རང་ཁྱོད་ཀྱི་སེམས་སུ་ཡོད་ལ
ཁྱོད་རངའང་ང་ཡི་སེམས་སུ་ཡོད
དབྱར་ཁ་མ་སླེབས་པའི་སྔོན་ལ
ངས་དཔུང་བ་མཉམ་བཤིབ་ངང་སྐྱོད་པའི་ཕོ་མོ་ཟུང་གི
གཟུགས་བརྙན་མཐོང་བྱུང་ལ
ཟངས་ལྕགས་ཀྱི་གསེབ་ནས་འཇིག་གིན་པའི་ལྷ་སའང་མཐོང་བྱུང
ངའི་སེམས་སུ་གློ་བུར་གློ་བུར་ཏུ
རོལ་དབྱངས་སྐྱོ་བོ་ཞིག་གི་དབྱངས་འགྲོས་འཁྱུད་འོང་ལ
རང་ཉིད་སྐུང་སའི་ས་ཆེན་འདིའི
མཚན་མོ་རབ་དང་རིམ་པ་དྲན་འོང
ང་ཚོ་མ་གཞི་ནས་མཐོ་ས་ཞིག་ཏུ་གནས་ཡོད
ཁྱོད་ང་དང་མཉམ་དུ་གནས་ཡོད
2007ལོའི་ཟླ11པའི་ཚེས30ཉིན།
རྩོམ་ཁུངས། ངེད་དྲ་བ།