ལྷ་སའི་ས་སྲོད།
མེ་ཏོག་གི་ལན་བུ སྒོ་རའི་གཅོང་རོང་གིས་བསྣོགས
ཉི་ཟེར་གྱི་སོ་མང་ཐོགས་པའི་སྤྲིན་པ་ལེབ་མོ་ཞིག་གིས
ས་ཆེན་གྱི་སྐྲ་ལོ་ཤད་ཀྱིན་ང་ཡི་བར་སྣང་བྲེགས
སྒེའུ་ཁུང་གི་རྒྱ་ཁྱོན སྒེའུ་ཁུང་གི་རྒྱང་རིང་གིས་བཅད
ཉི་ནུབ་ཀྱི་གཡུལ་ངོར
ཡུལ་ལ་ལོག་བཞིན་པའི་བསིལ་རླུང་ཞིག་གིས
དུས་ཚོད་ཀྱི་གྲུ་གུ་བཤིགས་ཏེ་རྩེད་མོ་རྩེ
འཚམ་སྤྲིན་གྱི་བག་ཆགས
གཙུག་ལག་ཁང་གི་བླ་བྲེས་སུ་ཐོར་རྗེས
ངས ནམ་སྨད་ལྟ་བུའི་སྐྱེ་བར་བསྒུག་སྟེ
ཟླ་འོད་ཀྱི་ཐ་གུ་ལྷ་སའི་ས་སྲོད་དུ་བཏགས
རྩོམ་ཁུངས། ངེད་དྲ་བ།