བྱིས་པ་ཚོ་ནར་སོན་རྗེས།
བྱིས་པའི་དུས་སུ།
བྱིས་པ་ཚོས་འོ་མ་ཁོ་ན་དྲན་ཀྱང༌།
ནར་སོན་རྗེས། བྱིས་པ་ཚོས་དྲིན་ཆེན་ཕ་མ་དྲན་གྱིན་ཡོད།
བྱིས་པའི་དུས་སུ།
བྱིས་པ་ཚོས་རྩེད་ཆོས་ཁོ་ན་རུམ་ཡང༌།
ནར་སོན་རྗེས། བྱིས་པ་ཚོས་ཕུ་ནུ་སྤུན་ཟླ་དྲན་གྱིན་ཡོད།
བྱིས་པའི་དུས་སུ།
བྱིས་པ་ཚོས་མངར་ཟས་ཁོ་ན་ཟོས་ཀྱང༌།
ནར་སོན་རྗེས། བྱིས་པ་ཚོས་མར་དང་རྩམ་པ་དྲན་གྱིན་ཡོད།
བྱིས་པའི་དུས་སུ།
བྱིས་པ་ཚོས་རྩེད་ར་ཁོ་ན་བསམ་ཀྱང༌།
ནར་སོན་རྗེས། བྱིས་པ་ཚོས་ཕ་ཁྱིམ་དྲོན་མོ་དྲན་གྱིན་ཡོད།
བྱིས་པའི་དུས་སུ།
བྱིས་པ་ཚོས་རྟ་ནོར་ལུག་གསུམ་བསམ་ཀྱང༌།
ནར་སོན་རྗེས་བྱིས་པ་ཚོས་རི་ཆུ་ནགས་གསུམ་དྲན་གྱིན་ཡོད།
རྩོམ་ཁུངས། ངེད་དྲ་བ།