མཚོ་སྣ། ངའི་རྒྱང་རིང་གི་གྲིབ་གཟུགས།
----གཞི་རིམ་ལ་བསྐྱོད་པའི་དགོས་དབང་ཞིག་གིས་རང་ཉིད་ལ་བསྟབས་པའི་མགྱོགས་བྲིས།
མི་ཚོགས་ཤིག གནས་འདི་ནས
ནགས་གསེབ་ཏུ་བྲོས་བྱོལ་དུ་སོང་ཟེར་གཏམ་རྒྱུད་དང་འདྲ་བའི་ལོ་རྒྱུས་སུ་གསལ
དོན་དུ རང་ཉིད་ཀྱང་དེ་འདྲའི་ལས་དབང་ཞིག་ལས་མ་འདས
ཀྱག་ཀྱོག་གི་ཞིང་སའི་ཁུང་བུ་རྐང་འོག་ནས་གྲིབ་གཟུགས་བཞིན་རྒྱང་ལ་ཡིབ་དུས
མཚོ་སྣ ཨ་མའི་གཏམ་རྒྱུད་དུ་གླེང་འཕྲོར་ལུས་པའི་སྒྲུང་ཚན་ཤིག་ཨང
རྒྱང་རིང་གི་མཚོ་སྣ རྒྱང་རིང་གི་གཏམ་རྒྱུད
ང་འོང་བ་ཡིན ཁྱེད་རང་གི་པང་དུ
ཁྱེད་རང་གི་སྙིང་ཁའི་རྡིག་སྒྲ་ལ་ཉན་ནས
ཨ་མའི་ནགས་གསེབ་ཀྱི་མི་ཚོགས་དག་འཚོལ་ཕྱིར
༢༠༠༩/༧/༣༠ཉིན་གྱི་དགོང་མོར།
རྩོམ་ཁུངས། ངེད་དྲ་བ།