སྣང་བ་རང་ཡན་པའི་སྙན་ཚིག

རྨོག་རུ་ཤེས་རབ་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-07-12


མེ་ལྕེའི་རུས་པ    ཡང་ན་མེ་ལྕེའི་རལ་བ་ལྗང་ཁུ
སྲོག་རྩ་རུ་ཟུག་པའི་དྲོད་ཀྱི་ཁྲག
རིག་པའི་འོད་དང་གློག་གི་འཁྱུག་གར     འཇའ་ཡི་ལག་པ
སྤྲིན་པ་སྔོ་ནག་འོག་གི་རླུང་བུ་འཁྱམས་པོ
མཚམས་མཚམས་སུ་ཁྱོད་ལ་ཉེ་ཞིང
ཡང་སྐབས་ལན་རེར་ང་ལ་ཉེ་བའི་འཇིག་རྟེན་གྱི་སྣང་བ

ཡིག་འབྲུ་ཐང་མར་བརྡལ
རྡོ་གཡའ་མ་དང་ཁ་དོག་མང་བའི་ཤོག་བུའི་སྟེང་དུ
ངག་གི་འགྱུར་ཁུག་ཡང་ཡང་བརྡར་བའི
ཚིག་གི་ཚོགས་པ   ཆུ་དང་ཆར་བའི་ཚོགས་པ
མིང་མེད་སྐར་ཕྲན་གྱི་ཚོགས་པ
སྐྱེ་བོ་སུ་ཞིག་གི་ཤེས་རབ་ཀྱི་གྲི་ཁ་ལས་མངོན་དུས
མྱོང་བས་ངོམས་པ་མེད

ཐང་ལ་ལྷུང་བའི་ལོ་རྒྱུས་ཀྱི་ལྡེ་མིག
གོས་ཀྱི་རི་མོ   སེམས་ཀྱི་རི་མོ
རོལ་དབྱངས་ཀྱི་ཁུག་ཏུ་བསྙལ་བའི་ཨ་རག
ཡུལ་ཡར་ཀླུང་ཁོག་གི་ང་རོ་རིང་མོ

མཚན་མོའི་ཤ་དང་རུས་པ
ཟླ་འོད་ཀྱི་སྐྱོ་བའི་འོ་ཟི
མཐིང་སྨུག་སྦྲ་ལས་འཁྲུངས་པའི་ཨག་སྐད
ལང་ཚོའི་སྟག་དང་གཟིག
སྨྱོ་ཧམ་རྒོད་པོའི་བྲག་གཡང་གི་སྟངས་སྟབས

གཤོག་པ་དཀར་པོ་ཆ་གཅིག་ལ་བྲིས་པའི་བརྩེ་འཕྲིན
ཁྲུང་ཁྲུང་བཅུ་གསུམ་གྱི་གཤོག་རྡང་གི་མཛེས་སྡུག
ཞེ་སྡང་གི་ལྗོན་རྩེ་ནས་འཐོར་བའི་ལོ་མ
བརྩེ་དུང་གི་ཆུ་མོར་འཁྱུག་པའི་གསེར་ཉྭ
ཡིད་ལ་འཛིན་རྒྱུ་ཞིག་ཡོད་ཡོད་འདྲ་བའི་འཁྲུལ་སྣང་གི་གཟུགས་རིས
མེད་པར་སྙམ་ཡང་མིག་གིས་ཟིན་ཉམས་སྟོན་པའི་སྒྲ་དབྱངས
མི་ཡི་སྙན་ཚིག    ལྷ་ཡི་སྙན་ཚིག

                           ༢༠༠༩.༢.༡༡ཁྱིམ་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྣང་བ་རང་ཡན་པའི་སྙན་ཚིག

2009-07-12 རྨོག་རུ་ཤེས་རབ་རྡོ་རྗེ། ཀློག་གྲངས། མཆན ཡོད།


མེ་ལྕེའི་རུས་པ    ཡང་ན་མེ་ལྕེའི་རལ་བ་ལྗང་ཁུ
སྲོག་རྩ་རུ་ཟུག་པའི་དྲོད་ཀྱི་ཁྲག
རིག་པའི་འོད་དང་གློག་གི་འཁྱུག་གར     འཇའ་ཡི་ལག་པ
སྤྲིན་པ་སྔོ་ནག་འོག་གི་རླུང་བུ་འཁྱམས་པོ
མཚམས་མཚམས་སུ་ཁྱོད་ལ་ཉེ་ཞིང
ཡང་སྐབས་ལན་རེར་ང་ལ་ཉེ་བའི་འཇིག་རྟེན་གྱི་སྣང་བ

ཡིག་འབྲུ་ཐང་མར་བརྡལ
རྡོ་གཡའ་མ་དང་ཁ་དོག་མང་བའི་ཤོག་བུའི་སྟེང་དུ
ངག་གི་འགྱུར་ཁུག་ཡང་ཡང་བརྡར་བའི
ཚིག་གི་ཚོགས་པ   ཆུ་དང་ཆར་བའི་ཚོགས་པ
མིང་མེད་སྐར་ཕྲན་གྱི་ཚོགས་པ
སྐྱེ་བོ་སུ་ཞིག་གི་ཤེས་རབ་ཀྱི་གྲི་ཁ་ལས་མངོན་དུས
མྱོང་བས་ངོམས་པ་མེད

ཐང་ལ་ལྷུང་བའི་ལོ་རྒྱུས་ཀྱི་ལྡེ་མིག
གོས་ཀྱི་རི་མོ   སེམས་ཀྱི་རི་མོ
རོལ་དབྱངས་ཀྱི་ཁུག་ཏུ་བསྙལ་བའི་ཨ་རག
ཡུལ་ཡར་ཀླུང་ཁོག་གི་ང་རོ་རིང་མོ

མཚན་མོའི་ཤ་དང་རུས་པ
ཟླ་འོད་ཀྱི་སྐྱོ་བའི་འོ་ཟི
མཐིང་སྨུག་སྦྲ་ལས་འཁྲུངས་པའི་ཨག་སྐད
ལང་ཚོའི་སྟག་དང་གཟིག
སྨྱོ་ཧམ་རྒོད་པོའི་བྲག་གཡང་གི་སྟངས་སྟབས

གཤོག་པ་དཀར་པོ་ཆ་གཅིག་ལ་བྲིས་པའི་བརྩེ་འཕྲིན
ཁྲུང་ཁྲུང་བཅུ་གསུམ་གྱི་གཤོག་རྡང་གི་མཛེས་སྡུག
ཞེ་སྡང་གི་ལྗོན་རྩེ་ནས་འཐོར་བའི་ལོ་མ
བརྩེ་དུང་གི་ཆུ་མོར་འཁྱུག་པའི་གསེར་ཉྭ
ཡིད་ལ་འཛིན་རྒྱུ་ཞིག་ཡོད་ཡོད་འདྲ་བའི་འཁྲུལ་སྣང་གི་གཟུགས་རིས
མེད་པར་སྙམ་ཡང་མིག་གིས་ཟིན་ཉམས་སྟོན་པའི་སྒྲ་དབྱངས
མི་ཡི་སྙན་ཚིག    ལྷ་ཡི་སྙན་ཚིག

                           ༢༠༠༩.༢.༡༡ཁྱིམ་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།