མེ་ཏོག་འགྲམ་གྱི་སྦྲང་མ།
ས་སྲོས་ཀྱི་མེ་ཏོག་རྐང་གཅིག
བུ་མོ་ཞིག་གི་རུམ་དུ་བཅུག་ནས་གཉིད་ལ་ཤོར
མཚན་མོ་དེའི་ཁྲོད་ཀྱི་རྨི་ལམ
ཁྱོད་རང་བདེ་ཐང་ངང་ལམ་ལ་ཆས་པའི་ཉིན་ཐོག་མ་དེའོ
ལག་པ་གྲང་མོ་རྡོ་འདྲ་བ་རེ
མཚན་ཐུན་ཞིག་གི་ཉལ་རོག་གཉིད་རོགས་སུ་བཏགས
དགེ་དབང་གི་གཏམ་རྒྱུད་ཁྲོད
ཁྱོད་ནི་སུ་ཞིག་གི་སྐྱེ་མཆོག་དེ་ལགས་སམ
ཉི་མ་ནི་རུམ་ན་ཆོག་པའི་བུ་མོ་དེ་ཡིན་སྲིད་ན
ཆུང་མ་ཟེར་བའི་ཤ་རློན་དེ་སྔ་མོ་ནས་རྒྱང་ཕུད་བཏང་ཚར
ཟླ་བའི་ངོས་ཀྱི་རི་དྭགས་འདྲ་བ་དག
ཁྱོད་ཀྱི་རྨི་ལམ་དེ་ཡིན་ཆོག་ཨང
དབྱར་ཟླ་བདུན་པ
སྙན་ངག་ཅིག་གི་ཚབ་ཏུ་བཞེངས་པའི་མེ་ཏོག་རྐང་རེ
ལས་དབང་གི་འཁོར་ལོ་ཆེན་པོ་ཞིག་གི་འགྲོས་དང་བསྟུན་ཏེ
ཤར་ཕྱོགས་སུ་གོམ་པ་རེ་རེ་བཞིན་སྤོ་བཞོན་པའི་སྣང་བ་སྐྱེས་འོང
༢༠༠༩ལོའི་ཟླ༧པའི་༡ཉིན་རང་ཤག་ཏུ་སྦྱར།
རྩོམ་ཁུངས། ངེད་དྲ་བ།