ང་ཡི་བོད།
མི་ལོ་མང་པོར
ཅི་མི་སྙམ་པའི་ངང་མཐོ་སྒང་འདིའི་དབེན་སིམ་དེ་མྱངས་ནའང
ངའི་སྤྱི་གཙུག་གི་དོན་སྙིང་ལས་བྱུང་བའི་སེམས་དང་འཇིམ་པའི་སྐུ་ལོ་དེར
རྡུལ་དང་ནད་དུག་གིས་གཡོགས་ནས
དབུགས་ཀྱི་རྒྱུ་བའང་འགག་ལ་ཉེ
ཀྱེ་མ། ང་ཡི་བོད
ཁྱོད་ལ་དབང་བའི་སང་ཉིན་ནི་ག་དུས་ཡིན
རྩོམ་ཁུངས། ངེད་དྲ་བ།