འབྲོག་པའི་སྐྱོ་གླུ།
རི་བོ་མཐོན་པོའི་མགོ་ནས།།
ཕྱོགས་བཞིར་རྒྱང་ལྟ་བྱེད་དུས།།
སྔར་གྱི་རྫི་བུ་རྣམ་པ།།
མིག་གིས་མཐོང་རྒྱུ་མི་འདུག།།
ཁྱིམ་ཚང་རེ་རེའི་རྩྭ་སར།།
ལྕགས་ར་གོར་གོར་བརྒྱབ་པས།།
རྫི་བུ་རྩེ་བའི་ཁོར་ཡུག།།
རྡོག་བརྫིས་བྱས་ནས་བུད་སོང་།།
སློབ་གསོ་སློབ་གསོ་ཟེར་ནས།།
འབྲོག་པའི་བྱིས་པ་ཚང་མ།།
སློབ་རའི་ནང་དུ་ཁྲིད་པས།།
གསང་བ་ཆེན་པོ་ཡོད་འདུག།།
ཨ་རོ་མགོ་བ་ལོ་ལོ།།
འབྲོག་ཕྱོགས་མི་ཤེས་བཞིན་དུ།།
ང་ཚོའི་འབྲོག་པའི་འཚོ་བ།།
གང་འདོད་རྩེ་ཆས་མ་བྱེད།།
རྩོམ་ཁུངས། ངེད་དྲ་བ།