གཟའ་ལྷག་པའི་སྙན་ངག
གཟའ་ལྷག་པ།
ཉི་ཟླ་ནམ་མཁར་འཁྲུངས་པའི་གཟའ་སྐར།
འོད་ཟེར་ཕྱོགས་བཞིར་འཕྲོ་བའི་ཉི་མ།
ཁྱེད་ཀྱི་བྱམས་བརྩེའི་བདུད་རྩི་ཟེགས་མས་ངའི་ལུས་ངག་ཡིད་གསུམ་ལ་བརྐྱང་སྐུམ་སྦྱིན།
གཟའ་ལྷག་པ། ངའི་སྙན་ངག་གི་འདབ་མ་ལྷུག་པར་གྲོལ་བའི་མ་ནི་ཡིག་དྲུག
གཟའ་ལྷག་པ།
ཞི་བདེའི་དུང་ཟླ་སྒོར་མོའི་སྐྱེས་སྐར།
མུན་པའི་བཙན་རྫོང་གཏོར་བའི་སྒྲོན་མེ།
ཁྱེད་ཀྱི་བསིལ་ཟེར་གྱི་རྡུལ་ཕྲན་ཇི་སྙེད་ཀྱིས་མིའི་འཚོ་བར་བདེ་སྣང་གི་སྤྲོ་བའི་བཟི་ཆང་འདྲེན།
གཟའ་ལྷག་པ། ངའི་སྙན་ངག་གི་དུང་སེམས་འོ་མ་བསྲུབས་པའི་མར་ལོ་སེར་བོ།

སྙན་ངག་པའི་རྒྱུད་དྲུག་དབྱངས་རྟ།
སྙན་ངག་པའི་རྒྱུད་དྲུག་དབྱངས་རྟ།
མཛེས་སྡུག་གི་མི་ཚེ་བཞུད་ལམ།
ཁྱེད་ཀྱི་ངེས་དོན་གྱི་བདེན་ལུགས་གྲངས་མེད་ཀྱིས་མིའི་སེམས་རྒྱུད་ཀྱི་དུག་གསུམ་ཞི་བར་བཏུལ།
གཟའ་ལྷག་པ། ངའི་མ་རིག་པའི་ལྕགས་སྒྲོག་སིལ་བུར་གཏོར་བའི་འོད་ཟེར།
ཁྱེད་ཀྱི་ངེས་དོན་གྱི་བདེན་ལུགས་གྲངས་མེད་ཀྱིས་མིའི་སེམས་རྒྱུད་ཀྱི་དུག་གསུམ་ཞི་བར་བཏུལ།
གཟའ་ལྷག་པ། ངའི་མ་རིག་པའི་ལྕགས་སྒྲོག་སིལ་བུར་གཏོར་བའི་འོད་ཟེར།
༢༠༠༨ ༨ ༡༢
རྩོམ་ཁུངས། ངེད་དྲ་བ།