ལྟེབས་བརྩེགས་བྱས་པའི་ཁྱོད་ཀྱི་མིང་ཡིག༼སྙན་ཚོམ༽

          སྣང་བ་ཞིག་ལ
མཚན་མོ་ཟེར་བའི་ལྭ་བ་ནག་པོ་འདིའི་ཁུག་ན་
སུ་ཞིག་གིས་ཕྲུ་གུ་བཙའ་བའི་སྡུག་བསྔལ་མྱོང་གི་ཡོད
རྒྱང་རིང་ནས་ཡོང་བའི་དམག་རྟའི་རྨིག་སྒྲ་དེ་ཡང
བཀྲེས་སྐོམ་གྱིས་མཇུག་རྫོགས་པའི་ལོ་ཟླ་ཞིག་གི་མིག་ཆུ་རེད
གཡུལ་འཁྲུག་གི་ན་ཟུག་ཁུར་བའི་སྐྱ་མྱི་དེ་དག
མི་ཡུལ་ནས་ལུས་པའི་བཙན་པོ་ཞིག་གི་བླ་གཡུ་ལེན་དུ་ཡོང་བ་རེད
ཁོ་ཚོས་སྣང་སྟོང་གི་འཐབ་ར་འདི་ནས་སྒམ་བརླིང་ལྷག་མ་ཞིག་སྟོན་ན་ཐང
དེ་ནི་སྣང་བ་ཞིག་རེད  དེ་ནི་གྲོགས་མེད་ཁེར་རྐྱང་གི་སྣང་བ་ཞིག་རེད
དེ་ནི་སྒོ་བརྡུང་མཁན་མེད་པའི་ལྷིང་འཇགས་ཀྱི་སྣང་བ་ཞིག་རེད
ད་དུང་སྣང་བ་ཞིག་ལ  སྣང་བ་ཞིག་ལ
པོ་ཏ་ལ་ཟེར་བའི་ཤིང་སྒམ་ཆུང་ངུ་ཞིག
གྲོང་ཁྱེར་གྱི་བཞི་མདོར་བཞག་སྟེ
མིའི་རིགས་ཀྱི་གད་སྙིགས་འཕོ་ས་རུ་གྱུར་འདུག
སྐབས་དེར་སྦྲང་བོ་ལོ་ལོན་ཞིག་གི་རྡོག་སྣེ་འཕྲད་པས་ཀྱང
ཕོ་བྲང་དེ་མར་ས་གཞིའི་སྟེང་དུ་འགྱེལ་སྲིད
ངས་རང་ཉིད་ཀྱི་ལུས་པོ་ཚལ་བ་ཚལ་བ་རུ་གཤག་སྟེ
སྒོ་དང་སྒེའུ་ཁུང་མང་བའི་སེམས་པ་འདི་ལ་ལྷན་པ་བརྒྱག་འདོད
ཁྱོད་ཀྱིས་བདག་གི་སྣང་བ་ཟིན་བྲིས་སུ་བཏབ་ཡོད་དམ
 
         གས་ཀའི་བར་གྱི་ལག་པ་རིང་བོ
གནའ་བོའི་དུར་འདབས་སུ
རོལ་ཆས་མང་བོའི་སྒྲ་དབྱངས་ལ་རྣ་བ་སྲེད་པའི་ལག་པ་རིང་བོ་ཞིག
ཡུབ་བུ་བླ་མཁར་གྱི་སྒོ་དར་ལས་ཀྱང་ཟད་པོ་ཡིན་པའི་ལག་པ་རིང་བོ་ཞིག
འཕྲུལ་ཆས་ཀྱིས་སྨྲས་སྐྱོན་ཡང་ཡང་ཐེབས་པའི་ལག་པ་རིང་བོ་ཞིག
ཚེ་གང་བོར་ཁྱོད་ཀྱི་ཕྱོགས་སུ་བསྲིངས་པའི་ལག་པ་རིང་བོ་དེས
མཛེས་མའི་བརླ་ངོས་སུ་ཆགས་པའི་སྨེ་བ་དེ་ག་ལེར་འདྲལ་རྒྱུ་ཟེར
ཤོག་གུས་གྲུབ་པའི་ཁྱོད་ཀྱི་འཇིག་རྟེན་གྱི་ལྡེ་མིག་དེ་རྐུ་རྒྱུ་ཟེར
འཆི་བདག་གི་མེ་ལོང་ལ་ཕྱི་དོར་བྱེད་ཕོད་པའི་ལག་པ་རིང་བོ་དེས
སྡུག་བསྔལ་ལ་ཟུངས་ཁྲག་གིས་ཁ་བསྒྱུར་བའི་མྱ་ངན་གྱི་བརྩམས་ཆོས་ཤིག་འབྲི་རྒྱུ་ཟེར
སུ་ཞིག་རི་ཁའི་བསང་དུད་ལ་འདྲེས་ཏེ་མེད་མུག་གི་མཁའ་དབྱིངས་འདི་རུ་ངུ་ཤུམ་
བརྒྱག་དུས་ཕ་གའི་མཁའ་མཐའ་ནས་མུན་ནག་ལ་སྐྱ་རེངས་ཀྱི་ཐུ་བ་བརྫེ་མཁན་ནི
ཁེར་རྐྱང་གི་ལག་པ་རིང་བོ་དེ་རེད
ལོ་རྒྱུས་ཀྱི་གས་ཀ་ཕྲན་བུ་ལས་བསྲིང་བའི་ལག་པ་རིང་བོ་དེས
མདུན་གྱི་གངས་རི་དཀར་པོ་དེ་ཕྱེད་གཉིས་སུ་གཤག་ནས
སྨུག་པའི་ནང་གི་ཁྱོད་ཀྱི་མི་རབས་ལ་རླུང་རྟ་བཟོ་རྒྱུ་ཟེར
ཁྱོད་ཀྱིས་ལག་པའི་རྒྱབ་ཀྱི་རྨ་ཁར་བལྟ་འདོད་ན
རྒྱང་རིང་ནས་ཁ་བ་སྤར་མོ་གང་ཁྱེར་ཏེ་ཤོག་དང
དེས་ལག་པའི་སྟེང་གི་ཚིལ་དྲེག་གཙང་མར་བཀྲུ་ཐུབ
 
          མུན་པའི་ནང་གི་དཀར་ཡོལ་སྟོང་བ
སེམས་དང་ལུས་པོ་སྲུང་བའི་ན་བཟའ་སེར་པོ་དེ
ཁུ་བ་འཛར་སའི་གདན་དུ་བཏང་ནས
རྨི་ལམ་གྱི་དག་ཞིང་དུ་འཁོར་བ་ཟེར་བའི
དཀྱིལ་འཁོར་ཟླུམ་པོ་ཞིག་བློས་བསླངས་བྱས་མོད
གསལ་བྱེད་སུམ་ཅུ་བྱ་བའི་བུ་མོ་སུམ་ཅུས
གྱོན་གོས་དང་འདོགས་ཆ་སྣ་ཚོགས་བཏགས་ཏེ
སྡུག་བསྔལ་གྱི་ངོ་བོ་མཚོན་པའི་ཞབས་བྲོ་ཐེངས་ཤིག་འཁྲབ་རྗེས
ངས་ནི་ཆེས་གདོད་མའི་གདོད་མའི་མཚེར་ས་དྲན་ཞིང
དེ་རུ་ལུས་པའི་རང་ཉིད་ཀྱི་རོ་སྒམ་ལ་བལྟས་ཏེ་མིག་ཆུ་འདོན་དགོས་བྱུང
ནམ་མཁའ་ཐེད་པོའི་འོག་གི་ཉི་ཟླ་འཁྱག་ནས་འཐོར་ལ་ཉེ
སྟོང་བའི་དབྱིངས་སུ་བདག་མེད་ཀྱི་ལུས་པོ་ཤོང་བའི་སྐྱ་ཐིག་འབྲི་ཆོག་གམ
ལུས་ཀྱི་རྔུལ་ཆུ་འབྱིད་བྱེད་ཀྱི་ལག་པ་གཉིས་པོས་ཅི་ཞིག་སྤྱོད་ནུས་སམ
ལག་པ་གཉིས་པོས་མི་སེམས་ཀྱི་ར་རུ་བཀྲུ་བའི་གཙང་ཆུ་འདྲེན་ནུས་སམ
ལག་པ་གཉིས་པོས་མུན་པའི་ནང་གི་དཀར་ཡོལ་དེ་ཤེད་ཀྱིས་བཀྱགས་ཚེ
དེ་ཡི་ཤུལ་དུ་ཡི་དྭགས་དང་ལྷ་མི་གསུམ་པོའི་ལྟ་བ་མི་མཐུན་པའི་འགྲེལ་བཤད་ཁ་བོ་ཞིག
རུལ་ནས་ཟགས་ཀྱིན་འདུག
དོན་ངོས་སུ་མུན་པའི་ནང་གི་དཀར་ཡོལ་དེ་སྟོང་བ་རེད

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྟེབས་བརྩེགས་བྱས་པའི་ཁྱོད་ཀྱི་མིང་ཡིག༼སྙན་ཚོམ༽

2009-05-06 སེར་ལེགས་འཕྲིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།