སྲོལ་རྒྱུན་སྙན་ངག་ལ་སྲུང་མ་བྱས་པ།


སྣང་སྲིད་འཁོར་བའི་སྨུག་སྤྲིན་ཀློང་ལ།།
རྟག་འཛིན་སེམས་པས་ཞགས་པ་བཏབ་སྟེ།།
འཚོ་བའི་བདེན་པ་འཇའ་རིས་ཙམ་ཞིག།
རྣལ་འབྱོར་ཁོ་བོས་ཟིན་པ་འདྲ་འོ།།

སྣང་སྟོང་སྒྱུ་མའི་གཞིས་ཁྱིམ་ཞིག་ནས།།
བདག་མེད་འཕྲུལ་བའི་གཞས་ཤིག་གྱེར་ཏེ།།
འཕར་མ་ལྡིང་གི་བྱེའུ་ཁྱུ་གཅིག།
སེམས་པ་དངངས་པའི་གཡང་ལ་བཏགས་ཡོད།།

ཚོགས་གཉིས་གར་གྱི་རྟ་ཕོ་ཆིབས་ཤིང༌།།
ཐབས་ཤེས་ཟུང་གི་མདའ་གཞུ་ཐོགས་ཏེ།།
མི་འཇིགས་དཔྱོད་པའི་ཀི་སྒྲ་བསྒྲགས་ཚེ།།
ལོག་ཏོག་ཤྭ་བ་རི་ལ་བྲོས་ཐལ།།

བཀའ་བསྟན་གཉིས་ཀྱི་གླེགས་ཤིང་ངོས་སུ།།
ཆོས་དང་སྲིད་ཀྱི་གྲོས་གཞི་བྲིས་ཏེ།།
དེ་བཞིན་གཤེགས་པའི་ཕྱག་ལ་གཏོད་པར།།
རབ་འབྱོར་ཁོ་བོ་འཐད་པ་ཡོད་ལགས།།

དྭངས་གསལ་ཤེལ་གྱི་མཚོ་མོའི་ཀློང་དུ།།
དོགས་པ་སེམས་ཀྱི་མུ་ཏིག་གཏོར་ཚེ།།
གྲུ་ཆུང་བོར་བའི་ཉ་བ་ཞིག་གིས།།
སེམས་པ་སྐྱོ་བའི་ལན་ཞིག་བཏབ་ཐལ།།

དབྱངས་གསལ་སོ་བཞིའི་མཇལ་དར་རིང་མོ།།
འདི་ཕྱི་གཉིས་ཀྱི་མཚམས་ལ་འཐེན་ཡོད།།
བདག་པོའི་གྲེ་བ་སངས་རག་བར་དུ།།
བཟོ་བོ་རང་གིས་སྲུང་མ་བྱས་ཡོད།།

བདེ་སྡུག་ཚོར་བ་རྩྭ་མགོའི་ཟིལ་བ།།
རྐྱེན་གྱི་རླུང་བུ་གཡུག་ན་འཐོར་འགྲོ།།
རྣམ་རྟོག་དྲ་བ་ཆུ་མོའི་གཉེར་རིས།།
ལག་པ་བྲང་ལ་བཞག་ན་བརྗེད་འགྲོ

དུས་ཀྱི་དྲོད་ཁོལ་ཡལ་ཤུལ་ཞིག་ནས།།
མེ་ཏོག་འདམ་མ་འཐོར་ཤུལ་ཞིག་ཏུ།།
བརྩེ་བ་འཁྱག་པའི་གཡུ་སྦྲང་ཞིག་གིས།།
གཤོག་པ་རླུང་གིས་རལ་བ་དྲན་གི།།

མ་དག་འཁོར་བའི་སྒྲུབ་ཕུག་ཅིག་ནས།།
དག་པ་སེམས་ཀྱི་རང་རྩལ་སྦྱངས་ཏེ།།
སྡིག་བདེན་འཁོར་བའི་མཐོང་ཐོས་ཕྲ་རགས།།
འོད་གསལ་སྣང་བའི་མཁའ་ལ་བྲིས་ཡོད།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲོལ་རྒྱུན་སྙན་ངག་ལ་སྲུང་མ་བྱས་པ།

2009-05-06 སེར་ལེགས་འཕྲིན། ཀློག་གྲངས། མཆན ཡོད།


སྣང་སྲིད་འཁོར་བའི་སྨུག་སྤྲིན་ཀློང་ལ།།
རྟག་འཛིན་སེམས་པས་ཞགས་པ་བཏབ་སྟེ།།
འཚོ་བའི་བདེན་པ་འཇའ་རིས་ཙམ་ཞིག།
རྣལ་འབྱོར་ཁོ་བོས་ཟིན་པ་འདྲ་འོ།།

སྣང་སྟོང་སྒྱུ་མའི་གཞིས་ཁྱིམ་ཞིག་ནས།།
བདག་མེད་འཕྲུལ་བའི་གཞས་ཤིག་གྱེར་ཏེ།།
འཕར་མ་ལྡིང་གི་བྱེའུ་ཁྱུ་གཅིག།
སེམས་པ་དངངས་པའི་གཡང་ལ་བཏགས་ཡོད།།

ཚོགས་གཉིས་གར་གྱི་རྟ་ཕོ་ཆིབས་ཤིང༌།།
ཐབས་ཤེས་ཟུང་གི་མདའ་གཞུ་ཐོགས་ཏེ།།
མི་འཇིགས་དཔྱོད་པའི་ཀི་སྒྲ་བསྒྲགས་ཚེ།།
ལོག་ཏོག་ཤྭ་བ་རི་ལ་བྲོས་ཐལ།།

བཀའ་བསྟན་གཉིས་ཀྱི་གླེགས་ཤིང་ངོས་སུ།།
ཆོས་དང་སྲིད་ཀྱི་གྲོས་གཞི་བྲིས་ཏེ།།
དེ་བཞིན་གཤེགས་པའི་ཕྱག་ལ་གཏོད་པར།།
རབ་འབྱོར་ཁོ་བོ་འཐད་པ་ཡོད་ལགས།།

དྭངས་གསལ་ཤེལ་གྱི་མཚོ་མོའི་ཀློང་དུ།།
དོགས་པ་སེམས་ཀྱི་མུ་ཏིག་གཏོར་ཚེ།།
གྲུ་ཆུང་བོར་བའི་ཉ་བ་ཞིག་གིས།།
སེམས་པ་སྐྱོ་བའི་ལན་ཞིག་བཏབ་ཐལ།།

དབྱངས་གསལ་སོ་བཞིའི་མཇལ་དར་རིང་མོ།།
འདི་ཕྱི་གཉིས་ཀྱི་མཚམས་ལ་འཐེན་ཡོད།།
བདག་པོའི་གྲེ་བ་སངས་རག་བར་དུ།།
བཟོ་བོ་རང་གིས་སྲུང་མ་བྱས་ཡོད།།

བདེ་སྡུག་ཚོར་བ་རྩྭ་མགོའི་ཟིལ་བ།།
རྐྱེན་གྱི་རླུང་བུ་གཡུག་ན་འཐོར་འགྲོ།།
རྣམ་རྟོག་དྲ་བ་ཆུ་མོའི་གཉེར་རིས།།
ལག་པ་བྲང་ལ་བཞག་ན་བརྗེད་འགྲོ

དུས་ཀྱི་དྲོད་ཁོལ་ཡལ་ཤུལ་ཞིག་ནས།།
མེ་ཏོག་འདམ་མ་འཐོར་ཤུལ་ཞིག་ཏུ།།
བརྩེ་བ་འཁྱག་པའི་གཡུ་སྦྲང་ཞིག་གིས།།
གཤོག་པ་རླུང་གིས་རལ་བ་དྲན་གི།།

མ་དག་འཁོར་བའི་སྒྲུབ་ཕུག་ཅིག་ནས།།
དག་པ་སེམས་ཀྱི་རང་རྩལ་སྦྱངས་ཏེ།།
སྡིག་བདེན་འཁོར་བའི་མཐོང་ཐོས་ཕྲ་རགས།།
འོད་གསལ་སྣང་བའི་མཁའ་ལ་བྲིས་ཡོད།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།