རྡོ་བའི་མིག་ཆུ།

ནོར་ལ་རྔམ་པ་ཆེ་བའི་མགོ་བོ་ཆེ།།
དྲི་ལ་ཞེན་ཆགས་ཆེ་བའི་སྣ་བོ་ཆེ།།
ཆང་ལ་ལྟོ་བ་ཡངས་བའི་ཁ་བོ་ཆེ།།
དཔོན་ངན་སྣང་བ་ཅན་ལ་རྣག་གིས་མཆོད།།

ཁ་ན་མེད་མུག་མང་བའི་ལོ་ལོན་ཚོ།།
ལག་ན་མཚོན་ཆ་མང་བའི་དར་མ་ཚོ།།
སྐེ་ན་གཡུ་བྱུར་མང་བའི་སྨན་ཤར་ཚོ།།
སྙིང་གཏམ་ཚིག་གིས་དྲང་མོའི་ཚིག་གིས་མཆོད།།

སྲང་ན་ཁྱིམ་ལུད་སྲེག་ནས་བདུག་སྤོས་བྱེད།།
ཁྱིམ་ན་ཆགས་གཏམ་གླེང་ནས་ཉི་མ་གཏོང༌།།
གང་སར་ཐལ་མདོག་མངོན་པའི་གཞི་རིམ་ན།།
ཁྱི་རྒན་རྒྱ་ལུའི་རླུང་རྟ་དགོང་ལ་མཉམ།།

ཁ་སང་གཞུང་དོན་ཤ་དང་རུས་པས་སྒྲུབ།།
དེ་རིང་གཞུང་ཟས་དཔོན་པོའི་འཁོར་གྱིས་ཟོས།།
དམངས་དོན་སྒྲུབ་སའི་གཞི་རིམ་སྲིད་གཞུང་ན།།
དམངས་གཡོག་བརྡ་རྒྱག་འདི་ཚོ་སྙིང་རེ་རྗེ།།

སྟོད་ཀྱི་རི་ལ་འཕྲིན་ཞིག་ད་སྐྱོལ་ཟེར།།
འགོར་འགྱངས་མ་བྱེད་དཔོན་པོའི་བཀའ་ཡིན།།
སྨད་ཀྱི་རི་ནས་མི་ཞིག་ད་བོས་ཟེར།།
ཚིག་འཇམ་སྨྲ་དགོས་དཔོན་པོའི་སྤུན་ཡིན་ཟེར།།

བསྡད་ན་མ་འདུག་རི་ལ་འགྲོ་དགོས་ཟེར།།
སོང་ན་མ་འགྲོ་གོང་རིམ་ཐོན་ཐལ་ཟེར།།
འགྲོ་འདུག་གདམ་ཀའི་བར་ནས་ལང་ཚོ་ཡལ།།
ཞང་གི་བརྡ་རྒྱག་འདི་ཚོ་སྙིང་རེ་རྗེ།།

                                  2005.12.1ཉིན་དངུལ་རྭ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྡོ་བའི་མིག་ཆུ།

2009-04-23 ཐང་སྲས་རྟ་ལོ། ཀློག་གྲངས། མཆན ཡོད།

ནོར་ལ་རྔམ་པ་ཆེ་བའི་མགོ་བོ་ཆེ།།
དྲི་ལ་ཞེན་ཆགས་ཆེ་བའི་སྣ་བོ་ཆེ།།
ཆང་ལ་ལྟོ་བ་ཡངས་བའི་ཁ་བོ་ཆེ།།
དཔོན་ངན་སྣང་བ་ཅན་ལ་རྣག་གིས་མཆོད།།

ཁ་ན་མེད་མུག་མང་བའི་ལོ་ལོན་ཚོ།།
ལག་ན་མཚོན་ཆ་མང་བའི་དར་མ་ཚོ།།
སྐེ་ན་གཡུ་བྱུར་མང་བའི་སྨན་ཤར་ཚོ།།
སྙིང་གཏམ་ཚིག་གིས་དྲང་མོའི་ཚིག་གིས་མཆོད།།

སྲང་ན་ཁྱིམ་ལུད་སྲེག་ནས་བདུག་སྤོས་བྱེད།།
ཁྱིམ་ན་ཆགས་གཏམ་གླེང་ནས་ཉི་མ་གཏོང༌།།
གང་སར་ཐལ་མདོག་མངོན་པའི་གཞི་རིམ་ན།།
ཁྱི་རྒན་རྒྱ་ལུའི་རླུང་རྟ་དགོང་ལ་མཉམ།།

ཁ་སང་གཞུང་དོན་ཤ་དང་རུས་པས་སྒྲུབ།།
དེ་རིང་གཞུང་ཟས་དཔོན་པོའི་འཁོར་གྱིས་ཟོས།།
དམངས་དོན་སྒྲུབ་སའི་གཞི་རིམ་སྲིད་གཞུང་ན།།
དམངས་གཡོག་བརྡ་རྒྱག་འདི་ཚོ་སྙིང་རེ་རྗེ།།

སྟོད་ཀྱི་རི་ལ་འཕྲིན་ཞིག་ད་སྐྱོལ་ཟེར།།
འགོར་འགྱངས་མ་བྱེད་དཔོན་པོའི་བཀའ་ཡིན།།
སྨད་ཀྱི་རི་ནས་མི་ཞིག་ད་བོས་ཟེར།།
ཚིག་འཇམ་སྨྲ་དགོས་དཔོན་པོའི་སྤུན་ཡིན་ཟེར།།

བསྡད་ན་མ་འདུག་རི་ལ་འགྲོ་དགོས་ཟེར།།
སོང་ན་མ་འགྲོ་གོང་རིམ་ཐོན་ཐལ་ཟེར།།
འགྲོ་འདུག་གདམ་ཀའི་བར་ནས་ལང་ཚོ་ཡལ།།
ཞང་གི་བརྡ་རྒྱག་འདི་ཚོ་སྙིང་རེ་རྗེ།།

                                  2005.12.1ཉིན་དངུལ་རྭ་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།