བདག་གི་མེ་ལོང་ལྟ་བུའི་དུས་ཚིགས།
མགོ་སྐྲ་སྔར་ལྟར་རླུང་གིས་སྐྱོད་ཀྱིན་འདུག
མུན་གནག་པའི་སྐབས་དེ་ནས་དཀར་པོར་གྱུར
ང་དང་འབྲེལ་མེད་ཀྱི་སྐྲ་རྐང་རེ་རེ
ཆུང་དུས་བཞིན་སྤྲོ་སྣང་གིས་ཁེངས
གྱོན་ཆོས་ཉུང་བའི་ང་རང
མགོ་སྐྲ་དང་འདང་རྒྱག་གི་བར་ནས་ལུས
ངོ་མི་ཤེས་པའི་སྲང་མདོ
རྒྱ་གྲམ་གྱི་སྲང་མདོ
ང་རང་ཁེར་རྐྱང་དུ་ལུས་པའི་མི་ཚེ
རླུང་དང་ལོ་མ་མང་པོ་མི་ཚོགས་བཞིན་མོད
བདག་གི་སྐྲ་ལོའི་ཚུལ་འཆོས་འཕྱོ་བའི་ཁ་བ་ལེབ་མོ
སེམས་དང་རུས་རྐང་ལ་ཟུག་པའི་དུས་ཚིགས་འདིར
ངའི་མིག་དང་མེ་ལོང་གཉིས་ཁ་གཏད་དུ་གནས་བྱུང
རང་ཉིད་གཅིག་པུས་དྲན་པ་གྱོན་པའི་ཉིན་འདི་ཚོར
རོགས་ཆུང་ལོ
ངའི་ལག་པ་ཁྱོད་ཀྱི་རུམ་ཁར་བསླེབས་ཚེ
སྙིང་གཏམ་གྱི་བརྗོད་བྱ་དགུན་ཁ་ཡིན་ནམ
༢༠༠༩ལོའི་ཟླ༡༡པའི་ཚེས༢༢ཉིན།
རྩོམ་ཁུངས། ངེད་དྲ་བ།