གཏམ་རྒྱུད་ཁ་ཤས་ཀྱི་ཕྱི་ནང་།(སྙན་ཚོམ)

འབའ་སྨད་རྒྱ་ལོ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-01-14

 ཁང་བ་དེའི་ནང་དུ་ཁྱོད་ཡོད་སྙམ་གྱིས།
སྒོ་ཁར་བསམ་བློ་མང་དུ་བཏང་ཡང་ནང་དུ་འཛུལ་མ་བྱུང༌།
གནས་ལུགས་དེ་རྒྱབ་ལྗོངས།
དར་ཆ་དེ་མིན་པའི་ངེས་པ་ཅི།
                                ཀླད་ལབ།
           
སྒོ་དང་དྲ་སྒོར་མེད་པའི་བསམ་གཞིག་གི་ཁང་དུ།
མདོ་དབུས་མཐོ་སྒང་དུ་འཐེན་པའི་དུག་སྦྲུལ་ནག་པོ་དེ་ལ།
ས་ཁྲ་སྟབས་བདེ་ཞིག་བཟོས་ཏེ།
གྱང་ངོར་བཀབ་སྟེ།
ཐ་མག་རྐང་གཅིག་མེ་ལ་སྒྲོན་ཞོར།
འཁྱག་སོབ་སོབ་གྱི་ཐ་སྙད་སྣ་ཚོགས་ཕྱི་རོལ་རླུང་ལ་སྐུར།
 
དུས་དེ་ནས་བཟུང༌།མང་ཤོས་ཤིག་གིས་གཟབ་ཉན་གྱིས།
ཁྱོད་ཕྱོགས་སུ་མདོག་སྣ་ཚོགས་ཀྱི་རླུང་རྟ་སྤུར།
 
ཕ་ཡུལ་ནི་མཐོ་སྒང་གི་ལུག་ཁྱུ་དང་སྦྲེལ་ནས་ཡོད།
མི་རྣམས་ཀྱི་བསམ་བློ་ཡང་རྩྭ་ཆུ་འཛོམས་ས་ཞིག་ཏུ་གནས་ཤིང་འཚོ།
སྐད་ཆ་བཤད་བཤད་ཐམས་ཅད་སྟོང་བར་ལུས།
 
མཚན་མོ་ཞིག་ལ་དར་ཆ་བཀལ་པའི་ལས་ཁུངས་ཤིག་གི་སྒོ་བྱང་མཐོང་དུས།
གདོང་གི་མིག་ཤེལ་དེ་ཡང་ས་ངོས་ཟིན་ཙམ་དུ་བཞག
སྒོ་ཁར་བརྟན་རླིང་གིས་འགྲེངས་་པའི་མི་དེ་གཉིས་ལ།
མགོ་ཡི་སྐྲའི་ཉག་མ་གཉིས་བཏོག་ནས་ལེགས་སྐྱེས་སུ་ཕུལ།
ཕྱིར་མལ་ཁང་དུ་ཐོན་དུས་ཧ་ལམ་དུས་ཚོད་བཅུ་བར་ཐོན་འདུག
གཡས་ལོག་གཡོན་ལོག་དུ་བཀྲམ་པའི་དཔེ་ཆ་དག
ནུས་ཚོད་ཀྱིས་གྲལ་དག་ཅིག་སྒྲིག
རང་ཉིད་གཅིག་པུ་ཡིན་པའི་རྐྱེན།
སྒོ་དང་དྲ་སྒོར་དམ་པོར་བརྒྱབ་རྗེས།
གཉིད་མགོ་བརྩམས།
ཧ་ལམ་དུས་ཚོད་བཅུ་གཉིས་ཡས་མས་རེད།
གྲོགས་པོས་ཞལ་པར་འོང་སྟེ་སང་ཉིན་སྔ་མོ་སྔ་མོ་ནས།
རླངས་འཁོར་ཞིག་ལ་བསྡད་དེ།
ང་སར་ཡོང་ནས་འུ་གཉིས་ལྷ་སར་འགྲོ་དགོས་ཞེས་བཤད་རྗེས་ཁ་པར་ཆོག་སེར་བརྒྱབ།
སྐྲག་སྣང་གིས་མཚན་ནམ་རིང་མོར་གཉིས་མ་ཁུགས་པས་རྒྱ་གར་གྱི་གློག་བརྙན་ཞིག་ལ་བལྟས།
ཕྱིན་ཉིན་སྔ་མོ་ནས་གྲོགས་སར་ལོག་དུས།
མ་གཞི་དོན་དེ་ནི་ཟླ་གཉིས་ཡར་སྔོན་གྱི་དོན་དེར་འབྲེལ།
གྲོགས་པོས་ཐབས་ལམ་བཙལ་ཏེ་སྐད་ཆ་དེ་འདྲ་བཤད་པ་རེད།
 
“སྐད་ཆ་དེ་བཤད་མཁན་དེ་ང་ཡིན
སྙན་ངག་དེ་འབྲི་མཁན་ཡང་ང་ཡིན”
 
སྐབས་དེར་མི་མང་ཤོས་ཤིག་ང་སར་འདུས།
སྐྲ་ལོ་རིང་བོ་བསྐྱུར་མཁན་གྱི་མི་དེ་ཚོས།
ཁ་བཏགས་རེ་འཁྱེར་ཡོང་དེ་བདག་གི་ཨམ་ཕྲག་ཏུ་བཅུག་རྗེས།
 
སྐད་ཤུགས་མཐོན་པོས་ཕ་ཡུལ  ཕ་ཡུལ་ཞེས་བོས།
                        200811/19

                ཟི་ལིང་དུ་ཕུ་བོ་དྲན་ཚུལ་བརྗོད་ན།

                               དྲན་པའི་ངོས་སུ་ཁེན་པའི་ཚེ་གཅིག་གི་དྲན་ཤིང་ལྗིད་པོ།
                               ཚེ་རབས་ནས་ཚེ་རབས་སུ་བསྐྱོམ་པའི་མཐོ་སྒང་གི་དར་ལྕེ་དེའོ།
                                                                                  ཀླད་ཀྱི་སྡུག་གཏམ།
                                                          ~~~ཕུ་བོ་འབའ་སེང་སྨྱོན་འདས་རྗེས་བྲིས་པའི་བརྩམས་ཆོས་ཨང་བཞི་བ།                            
 
ནམ་རྒྱུན་ཟི་ལིང་དུ་ཐོན་དུས།
དྲན་པའི་ཟབ་སར་འཛུབ་འོངས་པ་ནི།
ཐག་རིང་གི ཕུ་བོ་ཨང༌།
 
ཟི་ལིང་ནི་ཕུ་བོའི་ཕ་ཡུལ་མ་ཡིན་ནའང༌།
ཟི་ལིང་དུ་ཕུ་བོའི་ལོ་བཞིའི་སྐྱིད་སྡུག་གི་གཏམ་རྒྱུད་ཡོད།
རྨི་ལམ་ཡོད།  སྙན་ངག་ཡོད།
ལང་ཚོ་ཡོད།  མང་བོ་མང་བོ་ཞིག་ཡོད་ཕྱིར།
ཟི་ལིང་དུ་ཐོན་རྗེས།བདག་གི་ཕུ་བོ་མི་དྲན་རང་དྲན་རེད།
 
ཉིས་སྟོང་༨ལོའི་ཟླ་༡༡ཚེས་༢ཉིན་ང་ཟི་ལིང་དུ་ཡོད།
ཕ་ཡུལ་དང་ཉེ་བའི་ཟི་ལིང་ན་ཡོད།
བོད་པ་མང་སའི་ཟི་ལིང་ན་ཡོད།
ཕུ་བོ་དང་རྒྱང་ཐག་རིང་བའི་ཟི་ལིང་ན་ཡོད།
 
དཔེ་ཁང་དུ་གྲོགས་པོ་ཁ་པར་བཏང་དུས།
གཉེན་སྟོན་ཞིག་ཏུ་ཆང་གིས་བཟི་འདུག
ཆང་གཏམ་ཡིན་མིན་གྱི་སྐད་ཆ་དེས།
ང་ལ་ཕུ་བོ་དྲན་ཏུ་བཅུག
སེམས་ཁྲལ་ལྷག་མ་ཞིག་འཁོར།
ཁོ་གཉིས་ནི་བརྩེ་དུང་ཅན་གྱི་གྲོགས་པོ་ཡིན་པས།
ང་ལ་སྐད་ཆ་དེ་འདྲ་ཞིག་བཤད་པ་ཡིན་སྲིད།
 
ཁ་པར་བཏང་རྗེས་ང་གཞི་ནས་ལམ་ལ་ཆས་རན་འདུག
ཞེན་ཆགས་དང་བཅས་ཕྱི་མིག་གི་ཀློང་དུ།
ཟི་ལིང་གི་ནམ་ཟླ་སྟོན་འཇུག་སླེབས་ཚར།
སྟོན་གྱི་སྡོང་ལོ་ཁེར་ལྷུང་གཉིས་ལྷུང་གིས།
ཟི་ལིང་གི་བགྲོད་ལམ་ཡོད་ཚད་རྩྭ་ཐང་ཞིག་ཏུ་འཁྲུལ།
སྐབས་དེར། ལོ་བཞིའི་ཡར་སྔོན་གྱི་ཟི་ལིང་གི
ཕུ་བོའི་སྟོནཁ་དྲན་བྱུང༌།
གསེར་མདོག་གི་སྙན་ངག་དྲན་བྱུང༌།
 
གྲོགས་པོ།  དེ་རིང་གི་ཕྱི་དྲོའི་དུས་ཚོད་བདུན་སྟེང༌།
ང་ཁྱོད་དང་བཅས་པའི་ཟི་ལིང་ལ་གྱེས་ཕྱག་འབུལ་དགོས།
གཉེན་སྟོན་དུ་ཁྱོད་ཀྱིས་ཅི་ཞིག་དྲན་གྱིན་ཡོད།
ཁེར་ཧྲེང་ཧྲེང་གི་ང་མི་དྲན་ནམ།ཡང་ན།
ཐག་རིང་གི་ཁྱོད་ཀྱི་གྲོགས་པོ་མི་དྲན་ནམ།
 
དེ་དག་དྲན་རྗེས།  གཉེན་སྟོན་དུ།
སྐུ་མགྲོན་ཚོར་ཆང་ཧུར་གྱིས་འདྲེན་རོགས།
 
ད་ལོའི་ཟི་ལིང་གི་སྟོན་འཇུག་འདི་ལྟར་བདེ་མོ་ཕུལ།
 
              2008/ 11/ 6/ མཚན་དུས་ཚོད་གཉིས་སྟེང་གྲུབ་ཚར།

སུམ་རྟགས་དག་གསུམ་གྱི་སྒྲོག་ཏུ་མ་བཅིངས་པའི་སྙན་ངག

ཐ་སྙད་ཀྱི་ཚོགས  ལོ་རྒྱུས་ཀྱི་དེབ་ཐེར་དུ
ས་རྡོ་བཞིན་ཁྱབ་ཡོད་ཀྱང
ཡིག་ནོར་དེ་དག
འོ་སྐོལ་ལོ་རྒྱུས་ཀྱི་དེབ་ཐར་ངོས་སུ་ཡུན་གྱིས་བཀྲམ
གླེགས་བམ་དེ་དག་གི་རེ་གསལ་རེ་མོག་གི་ནང་དོན་གྱིས
མི་རྣམས་ལ་གཉིད་བདེ་བོ་ཞིག་བབ་མ་བྱུང

ཉི་འོད་ཡལ་རྗེས བསམ་བློར་འཁོར་བ་ནི
ངས་ནི་པོ་ཏ་ལའི་འཛུམ་མདངས་བསམ་པ་གྲངས་མེད་ཀྱང
བོད་རྒྱལ་སྲོང་བཙན་སྒམ་པོ་ནས་རྔུལ་ཆུ་གཏོར་མྱོང་བའི
བློན་པོ་དེ་དག་རྒྱ་གར་ཏུ་སྤྲད་པ་བརྗེད་ཀྱིན་འདུག
བློ་ཡིས་བསྐྲུན་པའི་མཛད་རྗེས་དེ་དག
དེ་རིང་ངས་སྙན་ངག་ཅིག་གིས་ཡོངས་སུ་བརྫད

སུམ་རྟགས་དག་གསུམ ང་ལ་ཁྱོད་ལས་གལ་ཆེ་བ་ཞིག་མེད་ནའང
བདག་གི་བརྡ་སྤྲོད་ཀྱི་ནུས་པ་ནི་ཧ་ཅང་གི་ཞན་ལ
ཇི་འདྲའི་དཀོས་ཐག་པ་རེད་ཨང

ནམ་ལངས་རྗེས  བསམ་བློར་འཁོར་བ་ནི
རང་ཉིད་ཞབས་འདྲེན་ཞིག་བྱེད་འདོད་པ་ཡིན་ནམ
ཡང་ན་ངོ་ལོག་པའི་མིང་བྱང་འཁུར་འདོད་པ་དེ་ཡིན
       2009/ 11/ 18

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཏམ་རྒྱུད་ཁ་ཤས་ཀྱི་ཕྱི་ནང་།(སྙན་ཚོམ)

2010-01-14 འབའ་སྨད་རྒྱ་ལོ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།