ཉིན་དེ་ནས་བཟུང་།

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-01-14

                    ___ངའི་མགོ་ཐོག་གི་གནམ་འདི་གད་མོ་བགད་བྱུང་། ངའི་རྐང་འོག་གི་ས་འདི་དངངས་འདར་བརྒྱབ་བྱུང་།

རྨི་ལམ་ལས་འཁྱིལ་བའི་མཚོ་རྫིང་དག་གི་འགྲམ་ངོགས་ན
དཔའ་བོ་དང་རལ་གྲི་ལྟ་བུའི་གྲུབ་ཐོབ་པ་ཧ་ཅང་མང་།
སེམས་པ་སྤྲིན་ལ་འབྱར་ནས་རྡོ་བའི་སྤྲིན་དཀར་ཆགས་སོང་།
ནམ་མཁའི་དབྱིངས་སུ།  མདང་མེད་པའི་ཉི་མ་དེ་དག་གི་འོད་ཆེན་ལྟེམས་མེར་བསུ་དུས།

ངུ་མི་འདོད་པའི་བྱིས་པ་དེ་དག་གིས་ནགས་ཚལ་ཆེན་པོ་ཞིག་བསམ་བཞིན།
འཚོ་བའི་གླིང་ག་དེའི་ཉེ་ངོགས་སུ་ནུབ་པའི་ལམ་ཆེན་དེ་ལ་གདོང་གིས་གྱེར།

ཁོར་ཡུག་ཅིག་ལ་སེམས་པ་གླན་ནས་ཡུན་རིང་གི་བག་ཆགས་ཁྲོད།
ང་རྒྱང་རིང་ནས་ངུ་བཞིན་ཐོན་དུས།
ཨ་མ་འཛུམ་མདངས་ཞིག་གིས་ག་ལེར་འཐོར་འདུག
ང་རྒྱང་རིང་ནས་བྱ་རྒོད་བཞིན་ལྷགས་ཚེ།
ཨ་ཕས་བདེ་བ་ཞིག་གི་ཁྱིམ་གཞི་སྐྱོང་འདུག
ས་སྲོད་ཀྱིས་མུན་པ་གྱོན་པའི་ཉིན་དེ་ནས་བཟུང་།
སྨུག་རྒྱུའི་གྲོང་ཁྱེར་དག་གི་འཕྲུལ་སྣང་ལས་གསོན་པའི་འདྲེ་བོང་ཞོན་དེ་དག
བྱིས་བློས་སྦགས་པའི་ངའི་ཉམས་མྱོང་སྟོང་གི་མཛེས་བའི་ཁོར་ཡུག་དེ་ལ
ཀུ་རེ་ཐེངས་ཤིག་བཟོས།

ཁྱོད་མ་སད་པའི་སྔ་རོལ་དུ།
ང་མཚོ་ཆེན་གྱི་ཉ་མོ་བཞིན་རྒྱ་མཚོ་དེ་ལ་གྱེས་མ་ཕོད།
བྱ་གླག་གིས་གསད་པའི་དུར་ཁྲོད་ནས་ཨམ་སྐད་སྒྲོགས་དུས།

སྡུག་བསྔལ་གྱི་ཁ་སྤུ་ཁྱུང་ཆེན་བཞིན་ཐོགས་བྱུང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་དེ་ནས་བཟུང་།

2010-01-14 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

                    ___ངའི་མགོ་ཐོག་གི་གནམ་འདི་གད་མོ་བགད་བྱུང་། ངའི་རྐང་འོག་གི་ས་འདི་དངངས་འདར་བརྒྱབ་བྱུང་།

རྨི་ལམ་ལས་འཁྱིལ་བའི་མཚོ་རྫིང་དག་གི་འགྲམ་ངོགས་ན
དཔའ་བོ་དང་རལ་གྲི་ལྟ་བུའི་གྲུབ་ཐོབ་པ་ཧ་ཅང་མང་།
སེམས་པ་སྤྲིན་ལ་འབྱར་ནས་རྡོ་བའི་སྤྲིན་དཀར་ཆགས་སོང་།
ནམ་མཁའི་དབྱིངས་སུ།  མདང་མེད་པའི་ཉི་མ་དེ་དག་གི་འོད་ཆེན་ལྟེམས་མེར་བསུ་དུས།

ངུ་མི་འདོད་པའི་བྱིས་པ་དེ་དག་གིས་ནགས་ཚལ་ཆེན་པོ་ཞིག་བསམ་བཞིན།
འཚོ་བའི་གླིང་ག་དེའི་ཉེ་ངོགས་སུ་ནུབ་པའི་ལམ་ཆེན་དེ་ལ་གདོང་གིས་གྱེར།

ཁོར་ཡུག་ཅིག་ལ་སེམས་པ་གླན་ནས་ཡུན་རིང་གི་བག་ཆགས་ཁྲོད།
ང་རྒྱང་རིང་ནས་ངུ་བཞིན་ཐོན་དུས།
ཨ་མ་འཛུམ་མདངས་ཞིག་གིས་ག་ལེར་འཐོར་འདུག
ང་རྒྱང་རིང་ནས་བྱ་རྒོད་བཞིན་ལྷགས་ཚེ།
ཨ་ཕས་བདེ་བ་ཞིག་གི་ཁྱིམ་གཞི་སྐྱོང་འདུག
ས་སྲོད་ཀྱིས་མུན་པ་གྱོན་པའི་ཉིན་དེ་ནས་བཟུང་།
སྨུག་རྒྱུའི་གྲོང་ཁྱེར་དག་གི་འཕྲུལ་སྣང་ལས་གསོན་པའི་འདྲེ་བོང་ཞོན་དེ་དག
བྱིས་བློས་སྦགས་པའི་ངའི་ཉམས་མྱོང་སྟོང་གི་མཛེས་བའི་ཁོར་ཡུག་དེ་ལ
ཀུ་རེ་ཐེངས་ཤིག་བཟོས།

ཁྱོད་མ་སད་པའི་སྔ་རོལ་དུ།
ང་མཚོ་ཆེན་གྱི་ཉ་མོ་བཞིན་རྒྱ་མཚོ་དེ་ལ་གྱེས་མ་ཕོད།
བྱ་གླག་གིས་གསད་པའི་དུར་ཁྲོད་ནས་ཨམ་སྐད་སྒྲོགས་དུས།

སྡུག་བསྔལ་གྱི་ཁ་སྤུ་ཁྱུང་ཆེན་བཞིན་ཐོགས་བྱུང་།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།