མི་འདི་དག་གི་ཁ།
སྣང་བའི་ཁམས་ནས་རང་ཉིད་སྐམ་དུ་བཅུག་ན
སུག་རྗེས་སུ་བསྙེག་ནས་འོངས་བའི་འཁོར་བའི་སྐད་ཆས
ང་ལ་སེམས་ངལ་དང་སྐྱོ་ཡུས་སྟེར་གྱིན་འདུག
དུས་ཚོད་ཀྱི་ངོ་གདོང་ནས་རོལ་དབྱངས་དཀྲོལ་མཁན་དེས
ནང་ཁྲོལ་ལ་བབས་པའི་མིག་ཆུ་ཁ་ཤས་ཧ་ཅང་གསང་བས་ཁྱེར་འགྲོ
ད་ནི
ངས་ཟུངས་ཁྲག་གི་འཇིམ་འབག་ལས་བཟོས་པའི
ཁོར་ཡུག་གི་བདེན་པ་དང་བླ་སྲོག་གི་ཁ་དོག་བསྟར་ལ་བརྒྱུས་ན
སང་ཉིན་ནི་ད་དུང་རྒྱང་ཐག་རིང་བའི་གླུ་སྐད་དེ་ཡིན་ནམ
མི་འདི་དག་གི་ཁ
འགྱིག་ཁུག་ཅིག་ཏུ་བཞག་ནས་དབྱངས་ལ་དཔྱངས་ནའང
སྔར་བཞིན་ང་ལ་མནར་གཅོད་ཀྱི་ཁྲག་ཐམ་དང
རྩ་དོན་ལ་བདེན་ཁ་སྟེར་མི་སྲིད་ཨང
མི་འདི་དག་གི་ཁ
ང་ལ་དབང་མྱོང་བའི་མཚན་མོ་དེ་དག་དང་གཏན་ནས་མི་འདྲ
མི་འདི་དག་གི་ཁ
ང་ལ་བྱིན་ཚར་བའི་མུན་ནག་གི་སྦྲིད་སྨན་དེ་དང་ཡོངས་སུ་མཚུངས་ཨང
09/12/5/ཉིན་རྩེ་ཁོག་ནས།
རྩོམ་ཁུངས། ངེད་དྲ་བ།