སྦྲ་ནག༢


འདས་སོང་གི་ལོ་ཟླ་རུམ་པའི་སྦྲ་ནག་ཁེར་རྐྱང
བཙག་བསེར་བུའི་འཇིགས་རྔམ་རྒོད་ཀྱང
ཁ་ཆར་བུ་ཡུག་གི་འཇབ་རྒོལ་བཙན་ཡང
ཁྱེད་ཀྱིས་ནམ་ཡང་གདོད་མའི་རྣམ་པ་རྒྱུད་འཛིན་བྱེད

གངས་ཕྲུག་གི་གནས་མལ་དྲོད་ཀྱིས་ཁེངས
སྦྲང་དཀར་རྩམ་པའི་དྲི་ངད་གང་སར་ལྡང
ཁེར་རྐྱང་གི་འཚོ་བ་ལོ་ནས་ལོ
ལོ་ཟླའི་རྒས་རིམ་གྱི་གཉེར་མ་ཁ་ཚུབ་ན་འཛུམ
ཨོང་བས་ཁྱེད་ལ་དྲོད་ཁོལ་སྦྱིན་
དཀར་མེས་ཁྱེད་ལ་འོད་སྣང་སྦྱིན

དབེན་ཐིང་ཐིང་གི་ཁོར་ཡུག་ན
ཁྱི་རྒྱ་ལིའི་ཟུག་སྐད་ཀྱིས
རྨི་ལམ་གྱི་ཞིང་ཁམས་གཏོར
སྤོབས་སེམས་ཀྱི་ལ་རྒྱ་སྩོལ

རི་སྤྱང་གི་སྐད་སྒྲས་གནམ་ས་འགེངས་ཀྱང
ཁྱེད་ཀྱི་མཐུ་འོག་ནས་ནར་སོན་པའི་འབྲོག་ཕྲུག་དག
དཔའ་ངར་ཆེར་བསྐྱེད་ཀྱིས་ཀི་རིང་འདེབས
རྟ་ནོར་ལུག་གསུམ་སྲུང་ཞིང་སྐྱོང

སྦྲ་ནག   ལོ་ཟླ་ཅི་ཙམ་འདས་ཀྱང
ཆར་ཆུས་ཁྱེད་རང་བརྟོལ་མི་ཐུབ
ཉི་འོད་ཀྱིས་ཁྱེད་རང་འཚིག་མི་ནུས
འདི་ནི་རྩིད་པ་ལས་བཟོས་པའི་རྐྱེན་ཡིན་ནམ

ཕྱི་གསལ་ནང་གསལ་གྱི་རས་གུར་དག
ལོ་གཅིག་ནས་གཉིས་ཙམ་ནང
ཆར་ཆུས་བརྟོལ་བར་བྱེད
ཉི་འོད་ཀྱིས་འཚིག་པར་བྱེད
འདི་ལྟར    རས་གུར་ཞིག་གི་ཚེ་ཚད་མཇུག་རྫོགས
འོན་ཀྱང    འབྲོག་མི་མང་པོའི་མིག་ནང་གི་མེ་ཏོག
རས་ཀྱི་གུར་དེ་ལས་གཞན་ཅི

སྦྲ་ནག      དངོས་པོ་ཞིག་གི་རྒྱུ་སྤུས་དེ
གང་ལ་བརྟེན་ནས་ཐག་བཅད
ཡང་ཞིང་ཕུབ་སླ་བ་ཁོ་ན
རྒྱུ་སྤུས་བཟང་ངམ

ཀྱེ་མ་ཀྱི་ཧུད  
ཨ་གསར་ཅན་གྱི་མིས
ནམ་ཞིག་ལ་ཁྱེད་ཀྱི་རིན་ཐང་རྟོགས་སམ

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྦྲ་ནག༢

2010-01-14 ཨ་འཁོར། ཀློག་གྲངས། མཆན ཡོད།


འདས་སོང་གི་ལོ་ཟླ་རུམ་པའི་སྦྲ་ནག་ཁེར་རྐྱང
བཙག་བསེར་བུའི་འཇིགས་རྔམ་རྒོད་ཀྱང
ཁ་ཆར་བུ་ཡུག་གི་འཇབ་རྒོལ་བཙན་ཡང
ཁྱེད་ཀྱིས་ནམ་ཡང་གདོད་མའི་རྣམ་པ་རྒྱུད་འཛིན་བྱེད

གངས་ཕྲུག་གི་གནས་མལ་དྲོད་ཀྱིས་ཁེངས
སྦྲང་དཀར་རྩམ་པའི་དྲི་ངད་གང་སར་ལྡང
ཁེར་རྐྱང་གི་འཚོ་བ་ལོ་ནས་ལོ
ལོ་ཟླའི་རྒས་རིམ་གྱི་གཉེར་མ་ཁ་ཚུབ་ན་འཛུམ
ཨོང་བས་ཁྱེད་ལ་དྲོད་ཁོལ་སྦྱིན་
དཀར་མེས་ཁྱེད་ལ་འོད་སྣང་སྦྱིན

དབེན་ཐིང་ཐིང་གི་ཁོར་ཡུག་ན
ཁྱི་རྒྱ་ལིའི་ཟུག་སྐད་ཀྱིས
རྨི་ལམ་གྱི་ཞིང་ཁམས་གཏོར
སྤོབས་སེམས་ཀྱི་ལ་རྒྱ་སྩོལ

རི་སྤྱང་གི་སྐད་སྒྲས་གནམ་ས་འགེངས་ཀྱང
ཁྱེད་ཀྱི་མཐུ་འོག་ནས་ནར་སོན་པའི་འབྲོག་ཕྲུག་དག
དཔའ་ངར་ཆེར་བསྐྱེད་ཀྱིས་ཀི་རིང་འདེབས
རྟ་ནོར་ལུག་གསུམ་སྲུང་ཞིང་སྐྱོང

སྦྲ་ནག   ལོ་ཟླ་ཅི་ཙམ་འདས་ཀྱང
ཆར་ཆུས་ཁྱེད་རང་བརྟོལ་མི་ཐུབ
ཉི་འོད་ཀྱིས་ཁྱེད་རང་འཚིག་མི་ནུས
འདི་ནི་རྩིད་པ་ལས་བཟོས་པའི་རྐྱེན་ཡིན་ནམ

ཕྱི་གསལ་ནང་གསལ་གྱི་རས་གུར་དག
ལོ་གཅིག་ནས་གཉིས་ཙམ་ནང
ཆར་ཆུས་བརྟོལ་བར་བྱེད
ཉི་འོད་ཀྱིས་འཚིག་པར་བྱེད
འདི་ལྟར    རས་གུར་ཞིག་གི་ཚེ་ཚད་མཇུག་རྫོགས
འོན་ཀྱང    འབྲོག་མི་མང་པོའི་མིག་ནང་གི་མེ་ཏོག
རས་ཀྱི་གུར་དེ་ལས་གཞན་ཅི

སྦྲ་ནག      དངོས་པོ་ཞིག་གི་རྒྱུ་སྤུས་དེ
གང་ལ་བརྟེན་ནས་ཐག་བཅད
ཡང་ཞིང་ཕུབ་སླ་བ་ཁོ་ན
རྒྱུ་སྤུས་བཟང་ངམ

ཀྱེ་མ་ཀྱི་ཧུད  
ཨ་གསར་ཅན་གྱི་མིས
ནམ་ཞིག་ལ་ཁྱེད་ཀྱི་རིན་ཐང་རྟོགས་སམ

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།