སྦྲ་ནག
འཇིག་རྟེན་གྱི་ཆེས་མཐོ་སར་གནས་པའི།
མེས་པོ་ཚོའི་བླ་སྲོག
རྩྭ་ཐང་གི་རྒྱན་དུ་གྱུར་བའི་ངའི་གཞིས་ཁྱིམ་དྲོན་མོ།
སྦྲ་ནག་ལགས།
ཙག་བསེར་བུའི་འཇིགས་རྔམ་བཙན་ཡང་།
ཁ་ཆར་བུ་ཡུག་གི་གདུག་རྩུབ་རྒོད་ཀྱང་།
ཁྱེད་ནི་ནམ་ཡང་གངས་ལྗོངས་ཀྱི་རྒྱན་དུ་མཛེས།
གངས་ལྗོངས་ཀྱི་ཆེས་དམའ་སར་གནས་པའི།
བོད་པ་ཚོའི་ཕ་ཁྱིམ།
དུས་བཞི་ཡི་རྒྱན་དུ་འགྲེང་བའི་ངའི་རྒྱབ་རི་སྨུག་པོ།
སྦྲ་ནག་ལགས།
དུས་བགྲང་བྱ་ཇི་ལྟར་འདས་ཀྱང་།
སྤྱི་ཚོགས་འཕེལ་འགྱུར་གྱི་མྱུར་ཚད་མགྱོགས་ཀྱང་།
ཁྱེད་ནི་ནམ་ཡང་ཁ་བའི་རྣམ་ཤེས་གསོན་པོ།
རྩོམ་ཁུངས། ངེད་དྲ་བ།