རྟ་ཕོའི་གཤོག་པ་ཁྲ་ཁྲ།

ཕྱེ་མ་ལེབ་ཁྲ་ཁྲ    མཛོ་མོ་ཁྲ་ཁྲ

སྟོན་ཀ་གསེར་གྱི་མདངས་འཛིན་པའི་རྩི་ཤིང་རིང་ཞིང་མཁྲེགས

ནོར་ལུག་གི་ངུར་འབས་རྩི་ཤིང་གི་མགོ་ལྕོག་ལ་བྱིལ་བྱིལ་བྱེད

མཚན་མོ་མེ་ཕུང་སྒོར་བྲོ་ལྡིང་མཁན་གྱི་ཆུང་ཐོགས་པ་ཚོ

གནས་འདི་ནས་སོང་སྟེ་ད་ལྟ་ཕ་ཡུལ་གྱི་ཨ་མྱེ་འདས་པོའི་གཏམ་རྒྱུད་བརྗེད་ངེས་སུ་གྱུར

 

རྟའི་འོབ་ལ་རེག་པའི་རྩྭ་རྐང་རེ་རེ

ཨོ་ལོའི་གདན་དུ་བཏིངས་པའི་རྩྭ་སེར་ཕོན་པོ

དྲོད་གྱི་ལེའི་རྨི་ལམ་གྱི་བར་ན་རླུང་བུ་ཡང་མོས་ལག་སོར་གྱིས་གཡུག་པར་བྱེད

 

མོ་ལོ་བཅོ་ལྔའི་མཁུར་ཚོས་ལྟར་དམར་བའི་མཚམས་སྤྲིན

མེ་ལྟར་འབར་བའི་མཚམས་སྤྲིན་གྱི་མདངས་ཀྱིས

མགོ་དཀྲིས་དམར་པོའི་གཞོན་ནུ་མའི་བཞིན་མདངས་ལ་སྐག་ཚོས་བྱུགས

སྲབ་མདའ་ལག་ཏུ་འཆང་བའི་ཕོ་གཞོན་གྱི་འདང་བརྩེའི་ཁ་དོག

དམར་པོ་མེ་ལྟར་འབར་ནས་ནམ་མཁའ་སྔོན་པོའི་ཞལ་རས་བསྲེག་པར་རྩོམ

 

རྟ་ཕོ་གཤོག་པ་ཁྲ་ཁྲ་ཅན     ཕྱེ་ལེབ་ཁྲ་མོས་འཕུར་ལྡིང་བྱེད་དུས

སྲབ་ལ་འཇམ་པའི་གོས་དཀར་གྱོན་པའི་གཞོན་ནུ་མ

ལ་གཞས་ཀྱི་གདངས་ཀྱིས་བཀུག་ཅིང་ཚིག་གིས་གོ་བར་གྱིས་ཏེ

རྟ་ཕོའི་རྔོག་མར་ལག་པས་འཇུས་ནས་གཏན་དུ་ཕྱིར་འོང་མེད་པའི་མིག་འོད་གཉོམ་པོས

རང་སྡེའི་དུ་ཞགས་འཁྲིགས་པའི་སྦྲ་ནག་ལ་ཅེར་ནས

སྦྲ་ནག་འོག་གི་རྒས་ཁོག་ཟུང་ལ་བལྟས་ཡོད   

མཚན་ནམ་དེའི་ཕ་མ་ཟུང་གི་རྨི་ལམ་ནི་འཁྱག་ཤུར་ཤུར་གྱི་འབྲོག་སྟོང་ཞིག་ཡིན་ནམ

                                  2009  03  12

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྟ་ཕོའི་གཤོག་པ་ཁྲ་ཁྲ།

2010-01-12 གེའུ། ཀློག་གྲངས། མཆན ཡོད།

ཕྱེ་མ་ལེབ་ཁྲ་ཁྲ    མཛོ་མོ་ཁྲ་ཁྲ

སྟོན་ཀ་གསེར་གྱི་མདངས་འཛིན་པའི་རྩི་ཤིང་རིང་ཞིང་མཁྲེགས

ནོར་ལུག་གི་ངུར་འབས་རྩི་ཤིང་གི་མགོ་ལྕོག་ལ་བྱིལ་བྱིལ་བྱེད

མཚན་མོ་མེ་ཕུང་སྒོར་བྲོ་ལྡིང་མཁན་གྱི་ཆུང་ཐོགས་པ་ཚོ

གནས་འདི་ནས་སོང་སྟེ་ད་ལྟ་ཕ་ཡུལ་གྱི་ཨ་མྱེ་འདས་པོའི་གཏམ་རྒྱུད་བརྗེད་ངེས་སུ་གྱུར

 

རྟའི་འོབ་ལ་རེག་པའི་རྩྭ་རྐང་རེ་རེ

ཨོ་ལོའི་གདན་དུ་བཏིངས་པའི་རྩྭ་སེར་ཕོན་པོ

དྲོད་གྱི་ལེའི་རྨི་ལམ་གྱི་བར་ན་རླུང་བུ་ཡང་མོས་ལག་སོར་གྱིས་གཡུག་པར་བྱེད

 

མོ་ལོ་བཅོ་ལྔའི་མཁུར་ཚོས་ལྟར་དམར་བའི་མཚམས་སྤྲིན

མེ་ལྟར་འབར་བའི་མཚམས་སྤྲིན་གྱི་མདངས་ཀྱིས

མགོ་དཀྲིས་དམར་པོའི་གཞོན་ནུ་མའི་བཞིན་མདངས་ལ་སྐག་ཚོས་བྱུགས

སྲབ་མདའ་ལག་ཏུ་འཆང་བའི་ཕོ་གཞོན་གྱི་འདང་བརྩེའི་ཁ་དོག

དམར་པོ་མེ་ལྟར་འབར་ནས་ནམ་མཁའ་སྔོན་པོའི་ཞལ་རས་བསྲེག་པར་རྩོམ

 

རྟ་ཕོ་གཤོག་པ་ཁྲ་ཁྲ་ཅན     ཕྱེ་ལེབ་ཁྲ་མོས་འཕུར་ལྡིང་བྱེད་དུས

སྲབ་ལ་འཇམ་པའི་གོས་དཀར་གྱོན་པའི་གཞོན་ནུ་མ

ལ་གཞས་ཀྱི་གདངས་ཀྱིས་བཀུག་ཅིང་ཚིག་གིས་གོ་བར་གྱིས་ཏེ

རྟ་ཕོའི་རྔོག་མར་ལག་པས་འཇུས་ནས་གཏན་དུ་ཕྱིར་འོང་མེད་པའི་མིག་འོད་གཉོམ་པོས

རང་སྡེའི་དུ་ཞགས་འཁྲིགས་པའི་སྦྲ་ནག་ལ་ཅེར་ནས

སྦྲ་ནག་འོག་གི་རྒས་ཁོག་ཟུང་ལ་བལྟས་ཡོད   

མཚན་ནམ་དེའི་ཕ་མ་ཟུང་གི་རྨི་ལམ་ནི་འཁྱག་ཤུར་ཤུར་གྱི་འབྲོག་སྟོང་ཞིག་ཡིན་ནམ

                                  2009  03  12

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།