ནོར་བུས་གཟི་འོད་ཀྱིས་བཏབ་པའི་དུང་གི་ཚོར་བ།

མཚན་སྒྲོགས་སྦྱིན་པ་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-01-10

                           _____པཎ་ཆེན་སྐུ་ཕྲེང་བཅུ་བས་མཚོ་ལྷོར་གནང་བའི་བཀའ་སློབ་ལ་མཇལ་རྗེས

རྫོགས་ལྡན་དུས་ཀྱི་མཁའ་དབྱིངས་དྭངས་མོ་སྙིགས་མ་ལྔ་བདོའི་རྡུལ་གྱིས་ཁེབས།།
གྲངས་མེད་འགྲོ་བའི་ལས་བསོད་ལྗོན་པ་ཁྲི་ཤོར་རྒྱལ་མོའི་གཏིང་དུ་བྱིན
།།
ལོག་རྟོག་མུན་པའི་སྨག་རིམ་ཁྲོད་ན་ཉམ་ཆུང་མགོ་བོ་འཐོམ་པའི་དུས
།།
ལེགས་བཤད་ནོར་བུའི་གཟི་འོད་རྣོན་པོ་རྐང་གཉིས་མི་ཡི་སེམས་ལ་ཕོག།

མདོ་མེད་བུ་ལོའི་སྲེད་པའི་མེ་ལྕེ་རྟ་གདོང་རི་ལས་ཐོལ་གྱིས་མཆེད།།
རིག་གནས་འདྲེ་མོའི་འཛུམ་གྱིས་བསླུས་ཏེ་རང་ཁྱིམ་གྲུ་བཞིའི་ཁབ་ཏུ་བསུས
།།
ཆོས་སྲིད་རིན་ཆེན་ཁྱུར་མིད་བཏང་བའི་གཏམ་རྒྱུད་སྐྱུར་བོ་འཐུང་བའི་རྗེས
།།
ལེགས་བཤད་ནོར་བུའི་རིན་ཐང་མ་རྟོགས་སྒྲོ་སྐུར་མཚོན་ཆ་བསྣུན་པས་སྐྱོ
།།

ལྔ་ཟུང་རིག་པའི་སྐྱེད་ཚལ་ཡངས་པོའི་མཛེས་སྡུག་མ་མཐོང་ཕྱོགས་སུ་ཡན།།
རང་སྐད་རྣལ་མའི་གཤོག་གླུ་སྙན་མོ་ལྷ་མིན་འབྱུང་བོའི་གདངས་ཀྱིས་བསླད
།།
སྲོལ་བཟང་གོམ་པའི་འཁྱུག་འགྲོས་དར་མ་རང་རིགས་མིག་ལ་གཟན་པའི་དུས
།།
ལེགས་བཤད་ནོར་བུའི་བཀའ་བརྡ་ཟབ་མོ་དབུ་ནག་འགྲོ་བའི་ཁྲོམ་ལ་བསྟན
།།

དུས་རབས་གསར་བའི་སྐྱ་རེངས་ལྷ་མོ་སྐབས་གསུམ་ལྷ་ཡི་གནས་སུ་རྩེན།།
ཚན་རྩལ་རིག་པའི་བུ་ཆུང་གཞོན་ནུ་ཟླུམ་གཟུགས་གོ་ལའི་ཁྱོན་ན་ཉུལ
།།
རྗེས་ལུས་མུན་པའི་དགུ་རིམ་དོང་ན་མཐོ་སྒང་བོད་པ་གཟིམ་པའི་དུས
།།
ལེགས་བཤད་ནོར་བུའི་ཅོང་སྒྲ་སྙན་མོ་བསིལ་ལྡན་གངས་རིའི་རྩེ་ནས་བསྒྲགས
།།

ཆེས་མཐོ་ནམ་མཁའི་དབྱིངས་རིམ་ཞིག་ནས་རང་སྐྱོང་ཁྲིམས་ཀྱི་སྒྲ་བརྒྱ་གྲགས།།
ཤེས་ལྡན་རྨ་བྱས་ཟློས་གར་འཁྲབ་པ་སྔོན་ཐོན་གྲོང་ན་དོན་དང་ལྡན
།།
ས་མཐའི་ཡུལ་རང་སྐྱོང་རྫུན་མའི་གད་རྒྱངས་དབྱངས་སུ་གྱེར་བའི་དུས།།
ལེགས་བཤད་ནོར་བུའི་གདམས་ངག་དྲོན་པོ་གྲངས་ཉུང་མི་རིགས་ཀུན་ལ་སྦྱིན
།།

བཅོས་སྒྱུར་གསར་བའི་ཝུ་དཀར་མེ་ཏོག་ནོར་འཛིན་བུ་མོའི་རྒྱུན་དུ་འཕོས།།
བཟོ་ཚོང་པདྨའི་ཟེའུ་འབྲུའི་དཔལ་ལ་གཡུ་སྦྲང་བུང་བ་འཁོར་ཞིང་ལྡིང་
།།
འབྱུང་འགྱུར་འཚོ་བའི་ཁ་དོག་ཁྲ་ཁྲ་གནག་ཕྱུགས་རྗེས་ལ་གཏད་པའི་དུས
།།
ལེགས་བཤད་ནོར་བུའི་འཕྲུལ་གྱིས་བསྐྱེད་པའི་མ་འོངས་འཚོ་བའི་སྣང་བརྙན་བཞེངས
།།

ཤ་ཁྲག་རུས་པའི་འབྱུང་ཁུངས་གཅིག་ཀྱང་སྙིང་སྟོབས་ལ་རྒྱའི་ཟུངས་ཁྲག་ཟད།།
རང་རིག་ཤེས་བྱའི་དགེ་མཚན་མ་མཐོང་གཞན་སྐད་སྣ་ཚོགས་འབད་པས་སྦྱངས
།།
ལབ་རྡོལ་གཏམ་གྱིཧོར་རྒྱུགས་ཁྲོད་ནས་རང་རིགས་གཡེང་བའི་སྐྱོ་གར་ལ
།།
ལེགས་བཤད་ནོར་བུའི་འབེལ་གཏམ་བཙན་པོ་སྲབ་མཉེན་ལྗགས་ཀྱི་སྨྱུ་གུས་བྲིས
།།

གནའ་དེང་རིག་པའི་སྲོལ་བཟང་རྒྱན་ཕྲེང་སྙིང་མཐུན་དགའ་མའི་ལུས་ལ་ཐོགས།།
མཛའ་མཐུན་ལག་འཇུའི་དུངས་སེམས་མངར་མོ་ཐ་དད་རིགས་ཀྱི་ཟས་སུ་གནོངས
།།
བྱམས་བརྩེས་སྦྱིན་པའི་བདེན་གཏམ་མེ་ལོང་འདྲེན་བྱེད་ཁྱེའུས་མཐོང་བའི་དུས
།།
ལེགས་བཤད་ནོར་བུའི་འོད་ཀྱིས་སྤྲད་པའི་དུས་མདོག་ཚོར་བ་རིས་སུ་ཕབ
།།
               བོད་རབ་རྒྱན་ཤིང་བྱ་ལོའི་ཟླ་བརྒྱད་པའི་ཚེས་ཉེར་དྲུག་སྟེ་སྤྱི་ལོ་༢༠༠༥ཟླ་༩ཚེས་༢༩ཉིན་ཉི་མ་བླ་བྲང་དུ་སྦྱར་བའོ
།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནོར་བུས་གཟི་འོད་ཀྱིས་བཏབ་པའི་དུང་གི་ཚོར་བ།

2010-01-10 མཚན་སྒྲོགས་སྦྱིན་པ་རྒྱ་མཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།