ཡི་དམ་ཚེ་རིང་། སྒང་བ་བོད་པའི་སྙན་ངག་ཁྱེད་ལ་དབང་།

                             -------སྒང་བ་ཚང་གི་སྙན་ངག་པ་ཆེན་མོ་ཡི་དམ་ཚེ་རིང་ལགས་ལ་རྗེས་དྲན་དུ།

ཡ་མཆུའི་སྣབས་རྟུག་ལྕེ་ཡིས་ལྡག་པའི་བྱིས་པ་རྩེད་དུས་སྙན་ངག་བགྲངས།།

ཐོལ་དཀར་འབྲི་མོའི་འོ་མ་འཇོ་དུས་སྨན་ཤར་བུ་མོས་སྙན་ངག་གྱེར།།

ལག་འཁོར་མ་ཎི་ཡུན་གྱིས་བསྐོར་བའི་རྒན་རྒོན་ཚོགས་སར་སྙན་ངག་གླེང༌།།

དང་ཐོག་སྒང་བ་བོད་པ་ཚང་གི་མྱི་རེའི་ཁ་ན་སྙན་ངག་རེ།།

དེ་དུས་ཡི་དམ་ཚེ་རིང་ཡོད་ན་སྲིད་པའི་སྙན་ངག་ཁོང་ལ་དབང༌།།

ཐུ་བྷོད་བློན་པོ་ཐོན་མི་དེ་ཡིས་སྙན་ངག་མཆོད་པ་རྗེ་ལ་བྲིས།།

མེ་ལོང་ཟླ་ཡི་སྙན་ངག་སྲོལ་ཞིག་ཚོན་གྱིས་བརྒྱན་ཏེ་བོད་ལ་དར།།

བོད་ཀྱི་མཁས་པས་སྙན་ངག་བྲིས་ཏེ་རང་རང་ལྷ་ལ་བསྟོད་པར་ཕུལ།།

བར་སྐབས་སྒང་བ་བོད་པ་ཚང་གི་ལྷ་ཀླུ་ཚོགས་ཀྱིས་སྙན་ངག་བཞེས།།

དེ་དུས་ཡི་དམ་ཚེ་རིང་ཡོད་ན་སྙན་ངག་མཁན་པོ་ཁོང་རང་ཡིན།།

སེམས་པའི་ཚོར་འདུ་འཕར་ཕྱོགས་ཤིག་གིས་ས་གཞིའི་ཕང་ལ་དྲན་པ་གླན།

ཆུ་མོའི་རྒྱུན་གྱི་བཞུར་སྟངས་དེ་དང་ལྗོན་པའི་འདབ་ལོ་སྒུལ་སྟངས་སོགས།།

ཐ་ན་རྩི་མགོའི་ཟིལ་བའི་ཆ་ཡང་སྙན་ངག་པ་ཡི་བྲིས་སུ་གྱུར།།

སྐབས་འདིར་སྒང་བ་བོད་ཚང་གི་སྙན་ངག་ལྷ་ལ་ལྟ་བ་ལོག།

དེ་དུས་ཡི་དམ་ཚེ་རིང་ཡོད་པས་སྙན་ངག་དམར་པོ་མེ་རུ་སྦར།།

ལོ་ཟླ་རྗེས་མཐུད་འཁོར་མོ་ཡུག་གིས་ཁ་སང་དེ་རིང་གདོང་ལ་བསུས།།

ལོ་ཡི་ན་ཚོད་གཞོན་པའི་ཟོལ་ཅན་སྨྱུ་གུ་འཛིན་པའི་སྙན་ངག་པ།།

གཅིག་ལས་གཅིག་མང་ངག་གི་སྒོ་མོ་དུས་རབས་འདི་ཡི་ཁུགས་སོར་ཕྱེས།།

ད་ལྟ་སྒང་བའི་སྙན་ངག་པ་ཚོས་སྙན་ངག་གླེང་བཞིན་སྨྱོ་ལ་ཁད།།

འདི་དུས་ཡི་དམ་ཚེ་རིང་མེད་པས་སེམས་ཀྱི་ཡ་ཁོག་སྟོང་ལྷང་ལྷང༌།།

མཆོག་གསུམ་ལྷ་ལ་དད་པ་ལས་ཀྱང་ཡི་དམ་ཚེ་རིང་གོང་དུ་བཀུར།།

མ་ཎི་ཡིག་དྲུག་འདོན་པ་ལས་ཀྱང་ཁོང་གི་སྙན་ངག་དུས་རྒྱུན་གྱེར།།

རང་གི་ཕ་མ་དྲན་པ་ལས་ཀྱང་ཡི་དམ་ཚེ་རིང་བརྗེད་མེད་རེད།།

སྒང་བ་བོད་པའི་སྙན་ངག་པ་འདི་མི་རབས་གསར་པའི་སྒྲོན་མེ་ཡིན།།

དེའི་ཕྱིར་ད་རེས་ངག་རིག་ཕྲེང་འདིས་ཡི་དམ་ཚེ་རིང་རྗེས་སུ་དྲན།།

    འདི་ནི་ན་གཞོན་སྙན་ངག་པ་མང་པོ་ཞིག་གིས་ཚགས་ཤོག་དང་དུས་དེབ་སོགས་ཀྱི་སྟེང་དང་། ཡང་ན་དྲ་ངོས་ཟིན་བྲིས་བཅས་སུ་སྙན་ངག་པ་ཡི་དམ་ཚེ་རིང་ལགས་སྐུ་གཤེགས་ནས་ལོ་འཁོར་ལྔ་འགོར་བའི་རྗེས་དྲན་སྙན་ངག་འབྲི་བཞིན་པ་དེ་མཚུངས་། ཁོ་བོས་ཀྱང་མ་སྐུལ་དང་བླངས་ཀྱིས་སྙན་ངག་པ་ཁོང་རྗེས་སུ་དྲན་ཏེ་སྐྱོ་སྣང་གིས་དྲངས་པའི་སེམས་གཞས་ཤིག་གི་ཚུལ་དུ་ཕུལ་བ་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡི་དམ་ཚེ་རིང་། སྒང་བ་བོད་པའི་སྙན་ངག་ཁྱེད་ལ་དབང་།

2010-01-06 རྩེ་སྐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།