འདོད་པའི་ལེའུ།

      དེ་ནི་མངོན་སུམ་དང་སྒྱུ་འཕྲུལ་གྱི་འཇིག་རྟེན་ལས་རིང་དུ་འདས་པའི་སྨུག་སྤྲིན་ཞིག་སྟེ།  ཚེ་སྲོག་གི་རི་སྒང་ལ་འཐིབ་པའི་མཛེས་སྡུག་གམ་ནག་ཉེས་ཀྱི་རོལ་རྩེད་ཐེངས་ཤིག་གིས་བདེན་དཔང་བྱས་པའི་སྨྲ་བསམ་བརྗོད་མེད་ཀྱི་སྟོང་ཉིད་ཅིག་གོ།

———སྔོན་འགྲོའི་རོལ་དབྱངས།

ལོ་ན་བཅུ་དྲུག་ལ་སོན་པའི་ཁྱོད།

ལས་ཉོན་གྱི་སྒྲིབ་པས་མ་གོས་པའི་ཁྱོད་ཀྱི་ཕྱི་ནང་གསང་གསུམ།

ཟག་བཅས་ཉེར་ལེན་གྱིས་བཞེངས་པའི་ཤ་ཁྲག་གི་གཡུལ་ས།

ནར་སོན་པའི་བགྲང་བྱ་བཅུ་དྲུག་གི་ཤོག་ལྷེ་རེ་རེ་ལྟེབ་ཚར་རྗེས།

མེ་ཏོག་དང་འཇའ་ཚོན་གྱིས་ཁེངས་པའི་འཇིག་རྟེན་ཞིག་ཏུ།

ལང་ཚོ་དང་མཛེས་པ་ཡོད་ཚད།  སྐྱེས་པ་ཚོའི་འདོད་བློ་བཞིན།

མངོན་སུམ་གྱི་རྨི་ལམ་དང་ངོ་བོ་དབྱེར་མེད་དུ་སྨིན་བྱུང་།

ཁྱོད་ཀྱི་ན་ཚོད་དང་དེས་བཟོས་པའི་དྭངས་གཙང་གི་སྒྲིབ་གཡོག་སྲབ་མོས།

ཆེས་སྙིང་དུ་སྡུག་པའི་གྲུབ་ཆ་མང་བོ་ཞིག་ལ་འགེབས་སྲུང་བྱེད་བཞིན།

ཁོ་བོ་མཛེས་སྡུག་གི་མྱ་ངམ་ཐང་གཞན་ཞིག་ཏུ་འཁྲིད་ཀྱིན་འདུག

བདག་གི་ཧམ་སེམས་ཀྱི་མཆེ་བར་ན་འདར་བཞིན་པའི་ཀུ་ཤུ་དམར་བོ་ཨ།

འགྲམ་ཆུ་འཛར་གྱིན་ནོངས་འགྱོད་དང་འཇིག་སྐྲག་གི་མུ་མཐའ་བསམས་ཚེ།

ཁོ་བོས་གཏོལ་མེད་ངང་ཁྱོད་རང་ཀུན་སྤྱོད་ཀྱི་སྡོང་རྩེར་ཨུ་ཚུགས་ཀྱིས་འབྱར་དུ་བཅུག་ཀྱང་།

ནར་སོན་གྱིན་པའི་ལོ་ཟླ་འདིའི་ཕ་རོལ་ན།  ད་དུང་འགྱུར་སླ་བའི་དུས་རབས་ཤིག་གིས་ཀྱང་ཁྱོད་ལ་བཙན་གཡེམ་བྱེད་གྲབས་འདུག

མཆུ་སྒྲོས་ཀྱི་རོ་བཅུད་མྱོང་བ།

ཚོན་མདོག་གིས་མ་བསླད་པའི་དམར་རྗེན་རྗེན་གྱི་མཆུ་སྒྲོས་དང་དེའི་རེག་བྱ།

སེམས་པ་དང་ཤ་དྲོད་ཀྱི་ཚོར་བས་ཟིན་པའི་བདེ་སྟོང་དབྱེར་མེད་ཀྱི་རོལ་དབྱངས།

ཐ་སྙད་ཀྱིས་མཚོན་དུ་མེད་པའི་ཟུངས་ཁྲག་གི་མཛེས་རིས་དང་དེས་བསགས་པའི་འཁྲུལ་སྣང་གི་ས་རྡུལ།

རེ་རེ་བཞིན་བཀླགས་ཚེ་བླ་སྲོག་ལ་ཟུག་གཟེར་གཏོང་བྱེད་ཀྱི་དུར་རྡོ་དང་ཀོ་མཚོན་མཐོང་ཐུབ།

མཛེས་སྡུག་དང་དུས་ཚོད་ཀྱིས་ཁྱུར་མིད་དུ་གཏོང་སྲིད་པའི་དམིགས་བསལ་གྱི་བཙོན་ར་འདིའི་བདག་པོ་ཆེན་པོས།

འཛེམ་དོགས་མེད་པར་འོད་གསལ་དང་མུན་པའི་དཀྱིལ་འཁོར་རེ་རེ་ཆམས་ལ་ཕབས་རྗེས།

སྒྱུ་འཕྲུལ་གྱི་དག་ཞིང་ཞིག་ཏུ་སྨྲ་བསམ་བརྗོད་དུ་མེད་པའི་མཆུ་སྒྲོས་ཀྱི་བདེ་ཚོར་ཁོ་ན་ཉམས་སུ་མྱོང་ཞིང་།

འགུལ་གྱིན་པའི་ཐ་སྙད་དག་གིས་རྨི་ལམ་གྱི་སྡིག་སྒྲིབ་ཁུར་ཏེ།

སྐྱུར་རྩི་ལས་བཞུར་བའི་རོལ་དབྱངས་ཀྱི་མངར་ཁ་ལྡག་ཞོར།

མེ་ཏོག་ལྟར་གཡོ་བའི་ལྷ་མོ་གང་གི་མཆུ་འདབ་བརྒྱུད་ནས།  འཛུམ་བག་དྭངས་མོ་དེ་དང་ལྷན་ཅིག

ཆུ་ཤེལ་གྱི་མེ་ལོང་ཆེན་པོ་ཞིག་གི་ངོས་སུ་དལ་བུར་ཟགས་སོང་།

ཁེར་རྐྱང་གི་བཙོན་ར།

མེ་ཏོག་གི་ལྕེབ་ཐག་སྤྱད་དེ་རང་ཉིད་དམར་གསོད་གཏོང་མཁན་དེ་དག་གི་ཚེ་སྲོག

གཟི་བརྗིད་དང་ནག་ཉེས་གང་རུང་གི་དུར་བྱང་ཁུར་ཏེ་འཆི་འཕོའི་འཇིགས་སྐྲག་བསུ་བའི་རྒྱལ་སྲས་ཤིག་གི་སྙིང་སྟོབས།

ད་དུང་།  ཤེས་རབ་ཀྱིས་གཞལ་དུ་མེད་པའི་དུས་ཚོད་དང་འཚོ་གནས་ཀྱི་རིན་ཐང་གིས་ཕྱུག་པའི་ཤི་གསོན་གྱི་གཡུལ་ས་འདི་ཉིད།

ཚབས་ཆེ་བའི་དམག་འཁྲུག་དང་ས་འགུལ་གྱིས་ཀྱང་བརླགས་མ་ནུས་པའི་སྡིག་སྒྲིབ་ཀྱི་མུན་དོང་འདི་ཉིད།

སྟོང་བསམ་གྱི་རོལ་རྩེད་དུ་གྱུར་བའི་“ལོ་བརྒྱའི་ཁེར་རྐྱང”བཞིན་བཀླག་ཐབས་ཡེ་ནས་བྲལ།

རང་ཉིད་ཀྱི་མཐའ་འཁོར་དུ་དུངས་ཞེན་གྱི་བཙོན་ར་སྐོར་བཞིན་པའི་མི་ཨ།

མུ་གེ་དང་ནད་ཡམས་ཀྱིས་ཟིན་པའི་ལོ་ཟླ་གྲངས་མེད་ཀྱི་འདོད་སྲེད་དང་དེའི་མངའ་ཐང་གླེང་ཚེ།

མཛེས་སྡུག་གི་དགག་གཞིར་གྱུར་བའི་བདེན་གྲུབ་ཀྱི་མཚན་ཉིད་མཐའ་དག་རྨེག་མེད་དུ་འགྲོ་བཞིན་འདུག

ཁེར་རྐྱང་།  རྒྱ་ཆེ་བའི་རྨི་ལམ་འདིའི་ཕ་རོལ་ན་དོན་དམ་ཅི་ཞིག་སྐུང་ཡོད་དམ།

དྲན་གདུང་དང་འཐོབ་དཀའ་བའི་མནར་གཅོད།

དྲན་བཞིན་པ་དེ་རི་བོ་ཞིག་གམ་སེང་རས་ཤིག་གི་ཕ་རོལ་ན་རབ་རིབ་ངང་འགུལ་སྐྱོད་བྱེད་ཀྱིན་འདུག

དུས་མཚུངས་སུ་སེམས་པ་དེའང་མཛེས་སྡུག་གི་བཙོན་ཁང་ཞིག་ཏུ་ཉེན་ཁའི་ངང་འཕག་འཚག་བྱེད།

འཇའ་ཚོན་གྱི་བསླུ་བྲིད་ཐེབས་པའི་མི་ཨ།  ལེ་བར་ཁྲི་ཕྲག་གི་མཚམས་སུ་བརྒྱུགས་མཐར་ཟུངས་ཁྲག་ཀྱང་ཟད་སོང་།

བྱང་ཐང་གི་ཕ་མཐའ་མ་རྙེད་པའི་ལོ་ཟླའི་རྔུལ་ཆུ་དང་རི་བོའི་འཐབ་འཛིང་གིས་རྨས་པའི་ན་ཟུག་གི་ཤོག་ལྷེ་རེ་རེ།

མེ་ལྕེ་དང་རོལ་དབྱངས་ཀྱིས་རྨེག་མེད་དུ་བསྲེགས་ཏེ།

ཉི་ནུབ་ཀྱི་ཤུལ་དུ་འགྲེང་བའི་ཁེར་རྐྱང་གི་ཀེང་རུས་དེའི་རྐང་ལག་གཉིས་པོ་ལྕགས་སྒྲོག་གིས་སྦྲེལ་བྱུང་།

སྐར་ཆ་རེ་རེར་འཆོལ་བཞིན་པའི་ཀུན་སྤྱོད་ཀྱི་སྲུབས་ཀ་དེ་དག་ཚེ་སྲོག་གིས་ཀྱང་བསུབ་ཐབས་བྲལ་མོད།

སེམས་པ་དེས་སྔར་བཞིན་དྲན་གདུང་དང་མནར་གཅོད་མྱངས་ནས་བཙོན་གྲོལ་མ་ཐོབ་ཅིང་།

འཚོལ་བཞིན་པ་དེའང་སྔར་བཞིན་རྒྱང་རིང་རྒྱང་རིང་ཞིག་གམ་ཐག་ཉེ་ཐག་ཉེ་ཞིག་ཏུ་གནས།

བརྩེ་དུང་གིས་དམར་གསོད་བཏང་བའི་མི།

ལང་ཚོའི་ལྕེབ་ཐག་གིས་ཟིན་པའི་ཁྱོད་རང་མི་ལོ་ཉི་ཤུའི་ཚིགས་མལ་བརྒལ་པའི་གོ་རིམ་ཁྲོད་དུ།

སྙུག་རྩེ་ལས་བཞུར་ཏེ་བྱང་ཐང་གི་མཛེས་སྡུག་སྣུབ་པར་བྱེད་པའི་བརླན་གཤེར་གྱི་རིགས་ཡོད་ཚད།

ཟླ་མཚན་དང་ཁུ་བའི་དཀྱིལ་འཁོར་འབའ་ཞིག་ཏུ་གྲུབ་ཟིན་ཅིང་།

བྲང་གཞུང་ན་འགུལ་གྱིན་པའི་ཧམ་སེམས་དེས་ཀྱང་ལྷ་མོ་གང་ཞིག་གི་མྱོས་བུམ་དང་མཚན་མ་ཁོ་ན་དྲན་ཏེ།

བརླ་ཤ་དང་མཆུ་སྒྲོས་ཀྱི་བདེ་ཚོར་བསམ་བཞིན་སྟོང་ཞིང་བདག་ཏུ་མེད་པའི་བཙོན་ར་ཞིག་བློས་བསླང་བྱེད།

“ཉོན་མོངས་ལམ་དུ་འཁྱེར”ཚུལ་དང་“བདེ་སྟོང་ཟུང་འཇུག”གི་ཐབས་འཕྲུལ་གྱིས།

ཁྱོད་རང་བར་དོ་ལྟ་བུའི་སྨིག་རྒྱུའི་ཞིང་ཁམས་ཤིག་ནས་བཟི་ཞིང་འཁྱོར་བར་བྱས་ཚེ།

རྨི་ལམ་གྱིས་བཞེངས་པའི་ལྷ་མོ་དེ་ཉིད་གཅེར་བུའི་གཟུགས་སུ་སླེབས་བྱུང་།

སྐབས་དེར།  སྟོབས་ཤུགས་དང་སྡིག་སྒྲིབ་ལྕི་བའི་ཐ་སྙད་མང་བོ་མངལ་དུ་སྦྲུམ་པའི་རྒྱ་སེ་མེ་ཏོག་ཅིག་གི་མཛེས་སྡུག་རྒུམ་རྗེས།

ཁྱོད་ཀྱི་ཤ་ཁྲག་གིས་བུ་ལོན་འཇལ་ཚར་བའི་ཀེང་རུས་དེའང་རྨེག་མེད་དུ་འགྱེལ་སོང་།

ལྷུ་ཚིགས་རེ་རེ་འཐོར་གྱིན་པའི་སྣང་ཚུལ་དང་།  བསྐལ་ཆེན་གྲངས་མེད་དུ་འཁྲབས་པའི་ཟློས་གར་དེ་དག

སྣུམ་ཚོན་རི་མོ་ཞིག་གི་འགུལ་སྟངས་ལས་མ་འདས།

                   ༢༠༠༣.༨༢.༣ལ་མང་ཆུའི་འགྲམ་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདོད་པའི་ལེའུ།

2010-01-01 གཟི་མིག་གསུམ་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།