ཕྱི་ཡུལ་གྱི་བོད་མི།


མགོ་སེར་སྦྱིན་བདག་དག་གི་ལག་འོག་ཏུ 
ས་སྣུམ་ལ་བརྟེན་པའི་རླངས་འཁོར་བཞིན 
སྦྱིན་བདག་གིས ཁ་ཕྱོགས་ཡར་ལ་བསྒྱུར་ཆེ༹ ཡར་དང་
ཁ་ཕྱོགས་མར་ལ་བསྐོར་ཆེ༹ མར་ལས 
རིགས་གཅིག་རྐང་འཇི༹ན་གྱི་ཆེད་ལས་ཞིག་གམ
རང་ཉིད་ཀྱི་འཇོན་ཐང་ཐད་ནས་འཆོ༹་བ་སྐྱེལ་མཁན་ཧ་ཅང་ཉུང་ 
ཕྱི་ཡུལ་གྱི་བོད་མི 
རེ་སྒུག་ལྷན་འཇོ༹མས་ཀྱི་ཉིན་མོར 
༦རྒྱལ་བའི་འཁྲུངས་སྐར་དང་ 
བོད་ཀྱི་ལོ་གསར་སོགས་ལའང་ 
ཕན་ཚུན་ལ་དོགས་ཟོན་དང་ཕྲག་དོག 
ད་དུང་ང་རྒྱལ་རི་འདྲ་བ་ཞིག་དང་ལྷན་ 
སྐད་ཆ་སྦོམ་པོ་རྐྱང་ལས ཕ་ཡུལ་གྱི་བོད་མི་བཞིན 
ཕན་ཚུན་ལ་མྱི་སྐད་ཀྱི་ལམ་ནས་ཁ་བརྡ་བྱེད་མཁན་མཐོང་མ་སོང་ 
ཕྱི་ཡུལ་གྱི་བོད་མི 
ཧ་ཅང་དོག་པའི་ཁང་ཆུང་དག་ན 
གྲོགས་མེད་ཁེར་རྐྱང་ངང་ 
ཐ་མག་དང་སྦིརག་ཧུབ་ཀྱིས་རྔུབ་བཞིན 
དྲ་རྒྱའི་སྐུད་ལམ་དག་ལས
ཕན་ཚུན་ལ་སྡིགས་དམོད་དང་ཕྱོགས་ཞེན་གྱིས་རྙོག་འཇི༹ང་རྐྱང་ལས 
སྤྱི་དོན་ཞིག་ལ་རྕོ༹ད་པ་བྱེད་མཁན་ཧ་ཅང་ཉུང 
ཕྱི་ཡུལ་གྱི་བོད་མི 
མི་ཆོ༹གས་ཀྱི་ཁྲོད་ནས་སྦིརག་གིས་བཟི་རྗེས 
དུས་རྒྱུན་སྐྱོར་བའི་ཞལ་འདོན་བཞིན 
རང་ཉིད་ཀྱིས་རང་ཉིད་འདི་ལྟར་ངོ་སྤྲོད་བྱེད 
ཕ་ཡུལ་ནས ཆོ༹ང་དཔོན་དང་ ལྷ་ས་ནས་ཇག་དཔོན
བལ་ཡུལ་ནས་ལག་དམར 
རྡ་ས་ནས་རབ་བྱུང་ཡང་བསྒྲུབས་མྱོང་ཞེས 
འདས་ཟིན་པའི་ལོ་རྒྱུས་སྙན་མོ་རེ་བཤད་རྗེས་ཁོང་ཆོ༹་གཉིད་དུ་ཡུར་འགྲོ

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱི་ཡུལ་གྱི་བོད་མི།

2010-01-01 སྨྱུག་རྒོད། ཀློག་གྲངས། མཆན ཡོད།


མགོ་སེར་སྦྱིན་བདག་དག་གི་ལག་འོག་ཏུ 
ས་སྣུམ་ལ་བརྟེན་པའི་རླངས་འཁོར་བཞིན 
སྦྱིན་བདག་གིས ཁ་ཕྱོགས་ཡར་ལ་བསྒྱུར་ཆེ༹ ཡར་དང་
ཁ་ཕྱོགས་མར་ལ་བསྐོར་ཆེ༹ མར་ལས 
རིགས་གཅིག་རྐང་འཇི༹ན་གྱི་ཆེད་ལས་ཞིག་གམ
རང་ཉིད་ཀྱི་འཇོན་ཐང་ཐད་ནས་འཆོ༹་བ་སྐྱེལ་མཁན་ཧ་ཅང་ཉུང་ 
ཕྱི་ཡུལ་གྱི་བོད་མི 
རེ་སྒུག་ལྷན་འཇོ༹མས་ཀྱི་ཉིན་མོར 
༦རྒྱལ་བའི་འཁྲུངས་སྐར་དང་ 
བོད་ཀྱི་ལོ་གསར་སོགས་ལའང་ 
ཕན་ཚུན་ལ་དོགས་ཟོན་དང་ཕྲག་དོག 
ད་དུང་ང་རྒྱལ་རི་འདྲ་བ་ཞིག་དང་ལྷན་ 
སྐད་ཆ་སྦོམ་པོ་རྐྱང་ལས ཕ་ཡུལ་གྱི་བོད་མི་བཞིན 
ཕན་ཚུན་ལ་མྱི་སྐད་ཀྱི་ལམ་ནས་ཁ་བརྡ་བྱེད་མཁན་མཐོང་མ་སོང་ 
ཕྱི་ཡུལ་གྱི་བོད་མི 
ཧ་ཅང་དོག་པའི་ཁང་ཆུང་དག་ན 
གྲོགས་མེད་ཁེར་རྐྱང་ངང་ 
ཐ་མག་དང་སྦིརག་ཧུབ་ཀྱིས་རྔུབ་བཞིན 
དྲ་རྒྱའི་སྐུད་ལམ་དག་ལས
ཕན་ཚུན་ལ་སྡིགས་དམོད་དང་ཕྱོགས་ཞེན་གྱིས་རྙོག་འཇི༹ང་རྐྱང་ལས 
སྤྱི་དོན་ཞིག་ལ་རྕོ༹ད་པ་བྱེད་མཁན་ཧ་ཅང་ཉུང 
ཕྱི་ཡུལ་གྱི་བོད་མི 
མི་ཆོ༹གས་ཀྱི་ཁྲོད་ནས་སྦིརག་གིས་བཟི་རྗེས 
དུས་རྒྱུན་སྐྱོར་བའི་ཞལ་འདོན་བཞིན 
རང་ཉིད་ཀྱིས་རང་ཉིད་འདི་ལྟར་ངོ་སྤྲོད་བྱེད 
ཕ་ཡུལ་ནས ཆོ༹ང་དཔོན་དང་ ལྷ་ས་ནས་ཇག་དཔོན
བལ་ཡུལ་ནས་ལག་དམར 
རྡ་ས་ནས་རབ་བྱུང་ཡང་བསྒྲུབས་མྱོང་ཞེས 
འདས་ཟིན་པའི་ལོ་རྒྱུས་སྙན་མོ་རེ་བཤད་རྗེས་ཁོང་ཆོ༹་གཉིད་དུ་ཡུར་འགྲོ

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།