དུག་ཕོག་པའི་མི།
མཚན་མོ་མང་པོ་རིམ་གྱིས་མུན་ནག་ནས་མུན་ནག་གི་རུམ་ལ་བཅུག
སྒོ་ལྕགས་གཏན་པའི་གྲོང་པའི་ཨ་ཅག་ལྷ་མོ
ཨ་ཁུ་འབྱོར་བཟང གྲོགས་པོ་ཆུང་ཆུང་ལྷའི་མེ་ཏོག
ཚང་མ་དུག་ཕོག་འདུག
དུག་འདི་མཚན་མོ་ཕོག་ཤེད་ཆེ་ལ་དུག་གི་སྲོག་བཅད་པ་ཡང་དེའི་སྐབས་སུ་བྱུང
དུག་དེ་ནི་ཆང་རེད དུག་དེ་ནི་དུ་བ་རེད དུག་དེ་ནི་མཚན་མོ་རེད
དེ་བས་མུན་ནག་རེད
༢༠༠༩ -༡༠- ༡༩
རྩོམ་ཁུངས། ངེད་དྲ་བ།