ཁེར་རྐྱང་གི་གདོང་ན་བཞུར་བའི་རོལ་དབྱངས།
གཅིག་བུར་སྡོད་དུས
རོལ་དབྱངས་ནི་མ་འགག་སྐྱེས་མེད་ཀྱི་རྐང་གླིང་ཞིག
ཐ་སྙད་ཀྱི་བ་སྤུ་དག་རྨང་ནས་སྒུལ་གྱིན་བཞུར་ནས་འོང
དེ་བས མདུན་ཐད་ཀྱི་འཇིག་རྟེན་དང་འཇིག་རྟེན་གྱི་རུས་པ
སིལ་བུར་ཐོར་ཞིང ཧོབ་ཀྱིས་རུལ་ཚར་དུས
བཙོ་སྦྱངས་བྱས་ཟིན་པའི་འོད་ཟེར་ཞིག་ཉུག་གིན་འོང
དེ་ལྟའི་ཕྱིར་ན
སྙིང་ནས་བརྩེ་བའི་མཚན་མོ
མེ་ལོང་ནག་པོ་ཞིག་གི་ཕྱི་ནང་ན་སེམས་སུ་བླུགས་ཡོད
དུས་ཚོད་ཀྱིས་སྲེག་གིན་པའི་མཛའ་མོ
ཁེར་རྐྱང་གི་ལྡེབས་ངོས་སུ་སིམ་སིམ་དུ་བཞུར་འོང
མཐའ་ཡས་པའི་མཚོ་མོ རླུང་གི་མཛེས་པ
གླུ་སྐད་ཀྱི་མིག་ཟུང རེ་རེ་ནི
ལེབ་ཀྱིས་བརྡུངས་བའི་རྨི་ལམ་ལྗང་ཁུ་དེ་རེད
རྩོམ་ཁུངས། ངེད་དྲ་བ།