དབྱར་ཁའི་ཁ་བར་སྒུག་པ།
མཐོང་མ་མྱོང་བའི་ཉི་ཟླ
མདུན་གྱི་གསུང་མི་འབྱོན་པའི་རི་བོ་སྨུག་པོ
ཤེལ་གྱི་ཇ་ཕོར་དེ་ལག་ཏུ་འཛིན་མ་མྱོང་བའི་
མཛེས་སྡུག་གི་སྲས་མོ་དེ
མགོ་རྐང་མ་བསྒྲིགས་པའི་སྔ་རོལ་ཏུ
ས་ནག་ནང་གི་བྱེའུ་དང་མཉམ་དུ
མུན་ནག་གི་མཐའ་ནས་ལག་གཡུག་བྱས
ངོ་གདོང་དང་ལག་པ
ཁུར་མ་མྱོང་བའི་ཉི་ཟེར་ནང་གི་ལོ་མ་སེར་པོ
གྲོང་སྡེ་རྙིང་བ་འདིའི་ནུབ་ཁ་དག་ན
ཤིང་ལོ་དང་སྐྲ་ལོའི་ངུ་འབོད་གསལ
ཉི་མ་དང་ཟླ་བ
ཨ་མ་དང་བྱིས་པ
བྱང་ཐང་གི་རྟ་ནོར་ལུག་གསུམ
ཤིང་སྒམ་འདིའི་གྲུ་ཟུར་རེ་ན
རི་བོ་ཞིག་གི་མཛེས་སྡུག་བསྣན་འོངས
2009/11/17
རྩོམ་ཁུངས། ངེད་དྲ་བ།