ཐེ་ཚོམ་འདི་ཅི་ཞིག་ཡིན།(ཞར་བཀོད་གཅིག་ཡོད)
སེང་གེ་སྨྱོན་པ་དེའི་ངུར་བྱང་ཁག
འཇགས་ཐུབ་མེད་པའི་བསམ་བློ་བ་ཁ་ཤས་ཀྱི་ཐེར་འདོན་བྱས་པའི་སྐད་ཆ་ཡིན་ནམ
ཡང་ན དུག་གྲི་དྲུད་ཡོང་མཁན་ཚོའི་འཛེར་སྐད་ཡིན
བསམ་བློ་གཏོང་རན་འདུག
བཤམས་སྟོན་ཞུ་འོས་པའི་སྐད་ཆ་འདི
གནའ་ནས་སྡོད་མཁན་གྱི་སྟོན་པ་དེའི་གསུངས་བྱ་ག་ལ་ཡིན
དེ་ནི རྣམ་ཤེས་འཁྲིད་མཁན་ཞིག་ཡིན་ཡང་སྲིད
༢༠༠༩ ༨ ༡༣
བརྡར་ཤ་གཅོད་པ།
ཟུར་ངེས་ཅན་ཞིག་ནས་བརྡར་ཤ་གཅོད་ན
སྐྱེས་ཆེན་དག་གི་སྐད་ཆའི་གོས་སྲུབ་ལ་རྨ་ཁ་འཇོག་དགོས
ཞིབ་ཏུ་བསམ་ན
མིག་ཟུང་བགྲད་ས་དེ་ཁང་ཁྱིམ་ཆུང་ཆུང་གོ་མིན
གོམ་པ་སྤོ་ས་དེ་རྫོང་མཁར་ལེབ་ལེབ་གོ་མིན
༢༠༠༩ ༨ ༡༧
རྩོམ་ཁུངས། ངེད་དྲ་བ།