མུན་པ་ནག་པོ།

ཀླུ་སྨྱོན་ཧེ་རུ་ཀ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-30


ཏག་ཏག་ཉིན་གུང་ཞིག་ལ།
རྒན་རྒོན་ཚོས་མ་ཎི་འདོན་པ་དང་

བྱིས་པ་དག་རྩེད་མོར་རོལ་བ་སོགས།

སྐྱེ་འགྲོ་ཀུན་གྱིས་རང་འཁྲིའི་ལས་ཀ་སྒྲུབ་བཞིན་པའི་ཉིན་གུང་ཞིག་ལ།

གློ་བུར་དུ།

གནམ་མཐའ་ནས་མུན་པ་ནག་པོ་ཞིག་འཐིབས་ནས་བསླེབས་བྱུང་

མུན་པ་དེའི་ཀློང་ན།
འཇིགས་སུ་རུང་བའི་འདྲེ་སྲིན་ཡོད་ཐག་ཆོད་རེད་ལ།

མུན་པ་དེའི་ཀློང་ན།

བཟློག་ཏུ་མེད་པའི་འཆི་བ་ཡང་ཡོད་ངེས་ཅན་རེད།

མུན་པ་དེས།
ཐག་རིང་གི་རྒྱ་མཚོ་དང་རི་ཚོགས།

ཐག་ཉེའི་གྲོང་སྡེ་དང་སྒོ་ཕྱུགས་ཡོད་ཚད་བསྒྲིབས་ཤིང་

མུན་པ་དེས།

ཕྱི་རོལ་གྱི་ལྷིང་འཇགས་དང་

ནང་རོལ་གྱི་བརྩེ་དུང་ཡོད་ཚད་ཀྱང་བསྒྲིབས་སོང་

མུན་པ་དེས།
ཕོ་མོ་མེད་པར།

རྒན་གཞོན་མེད་པར།

སེམས་ཅན་ཡོད་དོ་ཅོག

སྐད་ཅིག་དེ་ཉིད་ལ།

བསམ་དབང་དྲན་དབང་མེད་པར།

མུན་ནག་གི་ཀློང་དུ་བཏུམས་སོང་

འཇིག་རྟེན་འདིར་མཚོན།
འོད་སྣང་རྟ་རྔ་ཙམ་ཞིག་ལ་ཡང་

གསེར་སྲང་སྟོང་གི་རིན་ཐང་ཡོད་ཅིང་

ཚེ་སྲོག་སྐད་ཅིག་མ་ཞིག་ལ་ཡང་

ཞེན་ཆགས་ཀྱི་གཏམ་རྒྱུད་སྤུངས་ན་ཡང་

མུན་པ་དེའི་ཀློང་ན།

དེ་དག་ནི་ཇི་འདྲའི་ཉམ་ཆུང་བ་ཨང་

དེ་དག་ནི་ཇི་འདྲའི་ཅོལ་ཆུང་བ་ཨང་

གང་ལྟར།
མུན་པ་ནག་པོ་དེའི་ཀློང་ན།

སྲོག་ཆགས་དུང་ཕྱུར་དང་དུང་ཕྱུར་གྱི་འཆི་ཁའི་འོ་དོད་ཐོས་ཐུབ་ཅིང་

མུན་པ་ནག་པོ་དེའི་རྐྱེན་གྱིས།

སྙན་ངག་ཁྲི་ཕྲག་དང་ཁྲི་ཕྲག་གི་བརྗོད་བྱ་གསར་དུ་རྙེད་སོང་

 

སྙན་ངག་འདིའི་ཁ་བྱང་ལ་མུན་པ་དང་མུན་ནག ཡང་ན་མུན་པ་ནག་པོ་ཞེས་གང་ཞིག་བཏགས་ན་ལེགས་པའི་སྐོར་ལ་རང་ཉིད་དང་སྤུན་གཟི་མིག་གསུམ་པའི་བར་བསམ་ཚུལ་གྲོས་སྡུར་ཞིག་བྱུང་ན་ཡང་མཐའ་མར་འདི་ལྟར་གདག་འོས་སུ་མཐོང་སོང་། །རྩོམ་པ་པོའི་གསལ་བཤད།


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མུན་པ་ནག་པོ།

2009-10-30 ཀླུ་སྨྱོན་ཧེ་རུ་ཀ ཀློག་གྲངས། མཆན ཡོད།


ཏག་ཏག་ཉིན་གུང་ཞིག་ལ།
རྒན་རྒོན་ཚོས་མ་ཎི་འདོན་པ་དང་

བྱིས་པ་དག་རྩེད་མོར་རོལ་བ་སོགས།

སྐྱེ་འགྲོ་ཀུན་གྱིས་རང་འཁྲིའི་ལས་ཀ་སྒྲུབ་བཞིན་པའི་ཉིན་གུང་ཞིག་ལ།

གློ་བུར་དུ།

གནམ་མཐའ་ནས་མུན་པ་ནག་པོ་ཞིག་འཐིབས་ནས་བསླེབས་བྱུང་

མུན་པ་དེའི་ཀློང་ན།
འཇིགས་སུ་རུང་བའི་འདྲེ་སྲིན་ཡོད་ཐག་ཆོད་རེད་ལ།

མུན་པ་དེའི་ཀློང་ན།

བཟློག་ཏུ་མེད་པའི་འཆི་བ་ཡང་ཡོད་ངེས་ཅན་རེད།

མུན་པ་དེས།
ཐག་རིང་གི་རྒྱ་མཚོ་དང་རི་ཚོགས།

ཐག་ཉེའི་གྲོང་སྡེ་དང་སྒོ་ཕྱུགས་ཡོད་ཚད་བསྒྲིབས་ཤིང་

མུན་པ་དེས།

ཕྱི་རོལ་གྱི་ལྷིང་འཇགས་དང་

ནང་རོལ་གྱི་བརྩེ་དུང་ཡོད་ཚད་ཀྱང་བསྒྲིབས་སོང་

མུན་པ་དེས།
ཕོ་མོ་མེད་པར།

རྒན་གཞོན་མེད་པར།

སེམས་ཅན་ཡོད་དོ་ཅོག

སྐད་ཅིག་དེ་ཉིད་ལ།

བསམ་དབང་དྲན་དབང་མེད་པར།

མུན་ནག་གི་ཀློང་དུ་བཏུམས་སོང་

འཇིག་རྟེན་འདིར་མཚོན།
འོད་སྣང་རྟ་རྔ་ཙམ་ཞིག་ལ་ཡང་

གསེར་སྲང་སྟོང་གི་རིན་ཐང་ཡོད་ཅིང་

ཚེ་སྲོག་སྐད་ཅིག་མ་ཞིག་ལ་ཡང་

ཞེན་ཆགས་ཀྱི་གཏམ་རྒྱུད་སྤུངས་ན་ཡང་

མུན་པ་དེའི་ཀློང་ན།

དེ་དག་ནི་ཇི་འདྲའི་ཉམ་ཆུང་བ་ཨང་

དེ་དག་ནི་ཇི་འདྲའི་ཅོལ་ཆུང་བ་ཨང་

གང་ལྟར།
མུན་པ་ནག་པོ་དེའི་ཀློང་ན།

སྲོག་ཆགས་དུང་ཕྱུར་དང་དུང་ཕྱུར་གྱི་འཆི་ཁའི་འོ་དོད་ཐོས་ཐུབ་ཅིང་

མུན་པ་ནག་པོ་དེའི་རྐྱེན་གྱིས།

སྙན་ངག་ཁྲི་ཕྲག་དང་ཁྲི་ཕྲག་གི་བརྗོད་བྱ་གསར་དུ་རྙེད་སོང་

 

སྙན་ངག་འདིའི་ཁ་བྱང་ལ་མུན་པ་དང་མུན་ནག ཡང་ན་མུན་པ་ནག་པོ་ཞེས་གང་ཞིག་བཏགས་ན་ལེགས་པའི་སྐོར་ལ་རང་ཉིད་དང་སྤུན་གཟི་མིག་གསུམ་པའི་བར་བསམ་ཚུལ་གྲོས་སྡུར་ཞིག་བྱུང་ན་ཡང་མཐའ་མར་འདི་ལྟར་གདག་འོས་སུ་མཐོང་སོང་། །རྩོམ་པ་པོའི་གསལ་བཤད།


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།