གྲྭ་བས་འདི་ལྟ་བུའི་རང་མོས་སྙན་ངག་འབྲི་ཆོག་གམ།

——འཛམ་གླིང་གི་མཛེས་མ་ཨང་དང་བོ་ཨ་ཞིས་ཝ་རེའི་འདྲ་པར་ཞིག་ལ་ལྟ་བཞིན་བྲིས།

ང་རང་གྲྭ་བ་བྱས་པའི་ཉིན་དེ་ནས་བཟུང་།
སུ་ཞིག་གིས་ཐག་བཅད་པ་བཞིན།
འཇིག་རྟེན་འདིའི་སྟེང་གི་མཛེས་མ་ཡོད་ཚད་ལ།
ནམ་ཡང་དགྲ་ཟླ་ལྟ་བུའི་འདུ་ཤེས་བཟུང་ཡོད།
མཐའ་ན། ཨ་ཞིས་ཝ་རེ་ལྟ་བུ་ཡང་ངས་དགྲ་ཟླ་ཞིག་གི་ཚད་དུ་འཛིན་དགོས་བྱུང་།
ངེད་ཅག་གི་བར་དུ་ཞེ་འཁོན་དང་སྙིད་ནད་ཅི་ཡང་རྩོད་རྒྱུ་མེད་ནའང་།
 
མི་གཞན་གྱིས་བཤད་པ་ལྟར་ན།
མཛེས་མ་ཚོ་ང་ལ་ཅི་ལྟར་བྱམས་ནའང་།
མཛེས་མ་ཚོ་ང་ལ་ཅི་ལྟར་དུངས་ནའང་།
ང་རང་གྲྭ་བ་ཞིག་ཡིན་པའི་དབང་གིས།
ངས་ནམ་ཡང་ཕ་རོལ་བོར་དགྲ་ཟླ་ལྟར་དོགས་ཟོན་བྱེད་དགོས་ཟེར།
གལ་སྲིད། ང་དངོས་སུ་ཨ་ཞིས་ཝ་རེ་དང་འཕྲད་ཚེའང་མི་གཞན་དག་གི་ལྟ་སྟངས་དེ་ལས་འདའ་མི་རུང་།
གོ་སྐབས་འདི་གསེར་སྲང་སྟོང་གིས་ཀྱང་མི་ཁུག་ནའང་།
 
བདག་ལ་བླ་མས་བཀའ་བསྩལ་བར།
འདོད་ཡོན་ལ་སྲེད་པ་དོར་ཏེ་རྟག་འཛིན་གྱི་འཁྲི་བ་གཅོད་འདོད་ན།
ཐོག་མར་བུད་མེད་མཛེས་མ་ཞིག་སྒོམས།
དེ་ནས་བུད་མེད་མཛེས་མ་དེའི་ཐོད་དཀྱིལ་དུ་རྨ་ཁ་ཞིག་ཡོད་པར་སྒོམས།
དེ་ནས་རྨ་ཁ་དེ་ཇེ་ཆེར་གྱུར་ནས་བུད་མེད་དེའི་ལུས་ཡོངས་ཀྱི་ཤ་ཟེགས་སོང་བ་ཞིག་སྒོམས།
དེ་ནས་བུད་མེད་མཛེས་མ་དེ་ཀེང་རུས་ཁ་ཚང་ཞིག་ཏུ་གྱུར་སོང་བ་ཞིག་སྒོམས།
མཐའ་མར་ཀེང་རུས་དེའང་ཐོར་ཞིག་ཏུ་གྱུར་ནས་སར་ཐིམ་སོང་བ་ཞིག་སྒོམས།
དེས་ན། ཨ་ཞིས་ཝ་རེའང་ངས་མི་སྡུག་པའི་ཀེང་རུས་ཤིག་ཏུ་བསྒོམ་དགོས་པ་ཡིན་ནམ།
སེར་སྣ་དང་ཕངས་སེམས་ཅི་འདྲ་ཆེ་ནའང་།
 
ངས་གདམས་པ་འདི་ཉམས་སུ་ལེན་ཕྱིར།
ཨ་ཞིས་ཝ་རེའི་ཆུ་ཤེལ་གྱི་མིག་ཟུང་དང་བིམ་པའི་མཆུ་སྒྲོས།
ཨ་ཞིས་ཝ་རེའི་གནག་སྣུམ་གྱི་སྐྲ་ལོ་དང་མཉེན་ལྕུག་གི་སོར་མོ།
ཨ་ཞིས་ཝ་རེའི་དཀར་ཟླུམ་གྱི་འོ་འཛིན་དང་མཉེས་གཤིན་གྱི་བརླ་ཤ།
མདོར་ན། ཨ་ཞིས་ཝ་རེའི་ཟག་མེད་བདེ་གཏེར་གྱི་མཚན་མ་སོགས་ཀྱང་།
ཞེན་པ་མེད་པར་རེ་རེ་བཞིན་མི་སྡུག་པར་བསྒོམ་དགོས།
རྣམ་རྟོག་མེད་པར་རེ་རེ་བཞིན་ཀེང་རུས་སུ་བསྒོམ་དགོས།
ཐེ་ཚོམ་མེད་པར་རེ་རེ་བཞིན་མི་རྟག་པར་བསྒོམ་དགོས།
 
ང་རང་གྲྭ་བ་བྱས་པ་ནས་བཟུང་།
ཨ་ཞིས་ཝ་རེ་འཛམ་གླིང་གི་མཛེས་མ་ཨང་དང་བོ་ཡིན་པར་ངས་གཏན་ནས་ཁས་ལེན་མ་ནུས།
རྒྱུ་མཚན་ནི། ངས་ནམ་ཡང་ཁོ་མོ་མི་སྡུག་པའི་ཀེང་རུས་ཤིག་ཏུ་སྒོམ་གྱིན་ཡོད་པས་ཡིན།
 
ཁོ་མོའི་ལུས་ཀྱི་གར་སྟབས་ལྷ་མོ་ཨུ་མ་ལས་ཀྱང་མཛེས་ཤིང་སྡུག་ནའང་།
ངའི་མིག་ལམ་དུ་ཀེང་རུས་ཀྱི་ལངས་གཟུགས་ཙམ་ཡིན།
ཁོ་མོའི་ངག་གི་འགྱུར་ཁུག་ཚངས་ཁའི་སྲས་མོ་ལས་ཀྱང་སྙན་ཞིང་འཇེབས་ནའང་།
ངའི་རྣ་བར་འཆི་བའི་སྒྲ་དབྱངས་སུ་གོ་བ་ཡིན།
ཁོ་མོའི་ཡིད་ཀྱི་མཛའ་བརྩེ་རྗེ་བཙུན་སྒྲོལ་མ་ལས་ཀྱང་བྱིན་རླབས་ཆེ་ནའང་།
ངའི་སེམས་ངོར་བདུད་ཀྱི་ཆོ་འཕྲུལ་འབའ་ཞིག་ཏུ་སྣང་བ་ཡིན།
གྲོགས་པོ་ལགས། ངས་འདི་ལྟར་བཤད་ན་ཁྱེད་རང་ཡིད་ཆེས་སམ།
                                                                                 
                                          ༢༠༠༩་༡་༡༩ལ་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲྭ་བས་འདི་ལྟ་བུའི་རང་མོས་སྙན་ངག་འབྲི་ཆོག་གམ།

2009-10-08 རྒྱ་མཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།