སྐད་ཆ་རིང་མོ་ཞིག་བཤད་ན་མིག་ཆུ་ཕོར་གང་ཤོར།
གལ་ཏེ་དུས་རྒྱུན་ནས་ཁ་རོག་ལ་འདུག་རྒྱུ་ལོབ་མཁན་ཤིག་ཡོད་ན
ཆང་སྟེགས་ཀྱི་མུ་ཅོར་དང་ངོ་ཤེས་ལ་མི་ཤེས་པའི་ངོ་གདོང་ཇི་སྙེད་ཁྲོད
སྐད་ཆ་ངག་གི་མགྲིན་པ་བཙན་དབང་གིས་མ་དཀྲོག་དགུ་དཀྲོག་རེད
སྐད་ཆ་རིང་མོ་ཞིག་བཤད་ན་མིག་ཆུ་ཕོར་གང་ཤོར
ལོངས་སྤྱོད་དང་རྒྱས་སྤྲོས་ལ་ངོམས་པའི་ཆང་སྟེགས་ཀྱི་ཟུར་ན
ངོ་ཤེས་མཁན་ནི་བདག་པོ་ཡིན་ལ
ཁ་གྲགས་མཁན་ནི་གཡོག་པོ་ཡིན
གཡོག་པོས་བཏེགས་པའི་མིག་ཆུ་ཕོར་གང་ནི
བདག་པོ་ཁྱོད་ཀྱི་རུམ་ན་འཚང་བའི་ན་ཟུག་དེའོ
ངོ་ཤེས་མཁན་ནི་བདག་པོ་ཡིན
ཁ་གྲག་མཁན་ནི་གཡོག་མོ་ཡིན
༢༠༠༩ལོའི་ཟླ་༩ཚེས་༢༦ཉིན།
རྩོམ་ཁུངས། ངེད་དྲ་བ།